ཨིན་ཌོ་ནེ་ཤིའི་ཐུབ་པའི་སྐུ་བརྙན་ལ་རབ་གནས།

ཨིན་ཌོ་ནེ་ཤིའི་སྤྱི་ཚོགས་ཞབས་ཞུ་བ་ཨནནྡཀྲིཤཎ་ལགས་ཀྱིས་༸གོང་ས་མཆོག་ལ་ཐུབ་པའི་སྐུ་འདྲ་ཕུལ་བའི་གནས་ཚུལ།

0:00 / 0:00

༄༅༎བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཝཱརཱཎསི་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་ཆོས་འབྲེལ་མཛད་འཕྲིན་སྐྱོང་བཞིན་པའི་སར་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུ་ཨིན་ཌོ་ནེ་ཤི་ཡའི་ནང་གི་སྤྱི་ཚོགས་ཞབས་ཞུ་བ་ཨནནྡཀྲིཤཎ་ལགས་ཀྱིས་ཨིན་ཌོ་ནེ་ཤི་ཡ་ནས་གདན་འདྲེན་ཞུས་པའི་ཐུབ་པའི་སྐུ་འདྲ་ཞིག་༸གོང་ས་མཆོག་ལ་ཕུལ་བ་དང་༸གོང་ས་མཆོག་ནས་སྐུ་བརྙན་ལ་རབ་གནས་གནང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་གདུགས་དཀར་འབུམ་གྱིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པར་གསན་རོགས་ཞུ༎