0:00 / 0:00
༄༅༎ཕྱི་ལོ་ཉིས་སྟོང་བཅུ་གཅིག་ཟླ་གསུམ་པའི་ཚེས་ཉི་ཤུ་ལྔའི་ཉིན། སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་གནང་ཡོད་པ་དང་། ཉིན་དེར་བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་ཞིག་གསར་འཛུགས་གནང་རྒྱུ་དང༌། གྲོས་ཚོགས་ཚོགས་དུས་མཐའ་མ་འཚོགས་རྒྱུ། དེ་བཞིན་བོད་གཞུང་མ་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་ཞིག་འཚོགས་རྒྱུ་བཅས་ཀྱི་གྲོས་ཆོད་གཏན་འབེབས་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་རྡོ་གཅོད་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས་ཞུ༎
