ལྡི་ལིར་ཕྱི་ཚེས་༡༦ཉིན་ངོ་རྒོལ།

རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་བོད་མི་ཚོས་རྒྱ་ནག་སྲིད་བློན་ལ་མུ་མཐུད་ནས་ངོ་རྒོལ་སྐད་འབོད་བྱེད་བཞིན་ཡོད་པ།

0:00 / 0:00

གསར་འགྱུར་ལ་གསན་རོགས།

༄༅༎ཕྱི་ལོ་ཉིས་སྟོང་བཅུ་ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་གི་ཉིན། རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཡོད་པའི་ཧའི་དྲ་སྦ་ཏ་ཧའུ་སི་ཞེས་པའི་གཞུང་ཁང་ནང་རྒྱ་ནག་གི་སྲིད་བློན་ལྦུན་ཅ་བའོ་དང་། རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིངྒ་རྣམ་གཉིས་མཇལ་འཕྲད་དང་རྒྱ་དཀར་ནག་གཉིས་བར་ཚོང་འབྲེལ་སྐོར་བཀའ་བསྡུར་གྲོས་མོལ་གནང་རྒྱུའི་དུས་ཚོད་དང་སྟབས་བསྟུན་ནས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་མི་ཚོས་ངོ་རྒོ་སྐད་འབོད་ཤུགས་ཆེ་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་སྐལ་བཟང་གཡུ་རྒྱལ་ལགས་ཀྱིས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎