0:00 / 0:00
༄༅༎ཕྱི་ལོ་ཉིས་སྟོང་བཅུ་ཟླ་བརྒྱད་པའི་ཚེས་བཞི་རེས་གཟའ་ལྷག་པའི་ཉིན། དབུ་མའི་ལམ་གྱི་འགན་འཛིན་ལྷན་ཚོགས་ཐེངས་དང་པོའི་ཚོགས་བཅར་བ་རྣམས་དང༌། ད་ལྟའི་ཆར་རྡ་རམ་ས་ལར་སྐོང་ཚོགས་གནང་བཞིན་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལོ་འཁོར་འགན་འཛིན་ལྷན་ཚོགས་ཐེངས་བཅུ་བཞི་པའི་ཚོགས་བཅར་བ་རྣམས་ལྷན་དུ། བཞུགས་སྒར་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་ཡོད་པའི་སྐོར།འདི་གའི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་བཞུགས་སྒར་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎
