ཡོ་རོབ་གྲོས་ཚོཊ་སུ་བོད་ཀྱི་དོན་གཉེར་ལྷན་ཚོགས་ཐེངས་དང་པོ།


2017.01.26
༢༠༡༧་ལོའི་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ལས་གྲུབ་པའི་བོད་ཀྱི་དོན་གཉེར་ལྷན་ཚོགས་དང་པོ་ཡོ་རོབ་གྲོས་ཚོགས་སུ་བསྐོངས་ཚོགས་གནང་སྐབས། ༢༠༡༧།༡།༡༢༥ ༢༠༡༧་ལོའི་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ལས་གྲུབ་པའི་བོད་ཀྱི་དོན་གཉེར་ལྷན་ཚོགས་དང་པོ་ཡོ་རོབ་གྲོས་ཚོགས་སུ་བསྐོངས་ཚོགས་གནང་སྐབས། ༢༠༡༧།༡།༡༢༥
tibet.net

༢༠༡༧་ལོའི་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ལས་གྲུབ་པའི་བོད་ཀྱི་དོན་གཉེར་ལྷན་ཚོགས་དང་པོ་དེ་ཡོ་རོབ་གྲོས་ཚོགས་སུ་བསྐོངས་ཚོགས་གནང་འདུག
དེ་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། སྤྱི་ཚེས་༢༥་ཉིན། ༢༠༡༧་ལོའི་བོད་ཀྱི་དོན་གཉེར་ལྷན་ཚོགས་དང་པོ་དེ་ཡོ་རོབ་གྲོས་ཚོགས་སུ་བསྐོངས་འཚོགས་གནང་ཡོད་པ་དང་། ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་བོད་ཀྱི་དོན་གཉེར་ཚོགས་པའི་འགན་འཛིན་དང་། ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས (Thomas Mann)ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལྷན་ཚོགས་སྟེང་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་(Csabasogor)་ལགས་དང་། (Laszlo Tokes)ལགས། (Nathalie Griesbeck)ལགས། (Tunne Kelam)ལགས་སོགས་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་༡༦་ལྷན་ཞུགས་གནང་འདུག
ཚོགས་འདུའི་བརྗོད་གཞི་གཙོ་བོ་དེ་ལོ་སྔོན་མའི་སྤྱི་ཟླ་༡༢་པའི་ནང་ཡོ་རོབ་གྲོས་ཚོགས་སུ་བཞག་གནང་པའི་བླ་རུང་སྒར་ཛ་དྲག་གྲོས་ཆོད་གྱི་རྗེས་མཐུད་ལས་དོན་བསྒྲུབ་ཕྱོགས་སྐོར་ཡིན་པ་རེད།
ཚོགས་འདུའི་སྐབས་བོད་དོན་རྒྱབ་སྐྱོར་ཚོགས་པ་བོད་ཀྱི་དོན་གཉེར་ཚོགས་པའི་འགན་འཛིན་དང་། ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས Thomas mann་ལགས་ཀྱིས་༢༠༡༧ ལོའི་བོད་ཀྱི་དོན་གཉེར་ལྷན་ཚོགས་དང་པོ་དེ་ཡོ་རོབ་གྲོས་ཚོགས་སུ་བསྐོངས་ཐུབ་པར་དགའ་བསུ་ཞུས་པ་དང་ཆབས་ཅིག འཐུས་མི་མང་ཆེ་བས་གྲོས་ཆོད་དེར་མོས་མཐུན་གནང་ཡོད་པས། དེ་ཡིས་རྒྱ་ནག་གཞུང་ལ་བརྡ་ལན་གསལ་བོ་ཞིག་སྤྲད་ཡོད་ཅེས་གསུངས་འདུག
གྲོས་ཆོད་དེ་ཟིན་བྲིས་སུ་འདེབས་མཁན་གྱི་གྲས་སྐུ་ཞབས་ཐོ་མ་སི་མཆོག་གིས་བོད་ཀྱི་གྲོགས་པོ་ཚོས་མུ་མཐུད་ནས་རྒྱ་ནག་གི་སྒེར་སྡེམ་རིང་ལུགས་སྲིད་དབང་ལ་རྡུང་རྡེག་བྱེད་དགོས་ཞེས་ཀྱང་གསུངས་འདུག
དེ་བཞིན་སྐུ་ཞབས་Kelam་ལགས་ཀྱིས་ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་ལས་དོན་སྐོར་མཚམས་སྦྱོར་གསལ་བོ་གནང་བ་དང་སྦྲགས། ཡོ་རོབ་གྲོས་ཚོགས་ཀྱི་བྱེད་ནུས་ནི་རིན་ཐང་གི་ལྟ་བ་དང་། དཔལ་འབྱོར་ཁེ་བཟང་སྙོམས་སྒྲིག་བྱེད་རྒྱུ། མཐུན་རྐྱེན་བསྐྲུན་ཏེ་བོད་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་ཞེས་གསུངས་གནང་འདུག
ཡོ་རོབ་གྲོས་ཚོགས་ནི་བོད་དོན་ལ་རྒྱབ་ཚོགས་གནང་མཁན་སྒྲིག་འཛུགས་ཆེ་ཤོས་ཤིག་ཡིན་པ་རེད།

གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དགེ་བཤེས་རྭ་ཆུང་དགེ་འདུན་ལགས་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་གྲོལ་ཐོབ་ཡོད་ནའང་། ཁོང་བཙོན་གྲོལ་མ་ཐོབ་སྔོན་ཨ་མ་འདས་གྲོངས་སུ་གྱུར་ཏེ་མ་བུ་ཐུག་འཕྲད་ཐུབ་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎