བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་སོ་གཉིས་པ།


2019.12.11
བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་སོ་གཉིས་པའི་སྐབས། ༢༠༡༩།༡༢།༡༡ བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་སོ་གཉིས་པའི་སྐབས། ༢༠༡༩།༡༢།༡༡
tibet.net

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་སོ་གཉིས་པ་རྡ་སར་ཚོགས་བཞིན་པའི་ཐོག་དེང་དུས་ཀྱི་རྒྱ་ནག ཨ་རི་དང་རྒྱ་ནག་བར་བྱུང་བཞིན་པའི་གནས་ཚུལ་ཡུ་གུར་གྱི་སྐོར་སོགས་གོ་བསྡུར་གནང་བཞིན་ཡོད་འདུག
རྒྱ་གར་རྡ་རམ་སཱ་ལའི་ཉེ་མཁྲིས་ཀྱི་(Asia health resorts)་གསོལ་མགྲོན་ཁང་དུ། འཆར་ཅན་གྱི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་༣༢་དེ་བཞིན། སྤྱི་ཟླ་༡༢་པའི་ཚེས་༡༡་ནས་༡༢་ཉིན་གཉིས་རིང་གནང་གི་ཡོད་ཅིང་། ཚོགས་འདུ་འདིར་དེང་དུས་རྒྱ་ནག་གི་གནས་ཚུལ་དང་། ཨ་མི་རི་ཀ་དང་རྒྱ་ནག་བར་གྱི་འབྲེལ་བའི་ཐོག་གནས་ཚུལ་མང་པོ་ཡོང་བཞིན་པ། ད་དུང་རྒྱལ་སྤྱིའི་ནང་རྒྱ་ནག་དང་བོད་སོགས་ཀྱི་གནས་ཚུལ་མང་པོ་ཡོད་པའི་ཐོག་དགོངས་པ་བཞེས་ཕྱོགས་ཀྱི་སྐོར་ལ་བཀའ་བསྡུར་གནང་གི་ཡོད་པ་ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་འགྲེལ་བརྗོད་གནང་གི་འདུག
ཚོགས་འདུ་ཐེངས་སོ་གཉིས་བའི་ཐོག་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་མཆོག་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་མཆོག དྲིལ་བསྒྲགས་དྲུང་ཆེ་ཟུར་པ་ཐུབ་བསྟན་བསམ་འཕེལ་ལགས། ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས། སྤྱི་ཟུར་རྨེའུ་མགོན་པོ་འཚོ་ལགས། ལྷོ་ཨ་མི་རི་ཀའི་དོན་གཅོད་ཚེ་དབང་ཕུན་ཚོགས་ལགས། དབྱིན་ཡུལ་གྱི་དོན་གཅོད་བསོད་ནམས་ཚེ་རིང་ཕར་སི་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས། བདེ་སྲུང་དྲུང་འཕར་ཟུར་པ་ཀུན་དགའ་བཀྲ་ཤིས་ལགས། སྤྱི་ཁྱབ་འཆར་འགོད་པ་དཀོན་མཆོག་བརྩོན་འགྲུས་ལགས། སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་རྡོར་ལགས། བཀའ་དྲུང་ཡིག་ཚང་གི་ཟུང་དྲུང་ཀུན་དགའ་རྒྱལ་མཚན་ལགས་བཅས་མཉམ་ཞུགས་གནང་ཡོད་ཅིང་། ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་ཚོགས་འདུ་འདི་ནི་འཆར་ཅན་མ་གཏོགས་གྲོས་གཞི་དམིགས་བསལ་གྱི་སྐད་ཆ་བཤད་ཀྱི་མེད་ཅེས་འགྲེལ་བརྗོད་གནང་གི་འདུག
སྤྱིར་བཏང་རྒྱལ་སྤྱིའི་ནང་ཞི་མོལ་གནང་སྐབས། སྐུ་ཚབ་ཡོད་པའི་ཐོག་ནས་དང་སྐུ་ཚབ་མེད་པའི་སྒོ་ནས་གནང་སྲོལ་མི་འདྲ་བ་ཡོད་པ་བཞིན། རྒྱ་ནག་གཞུང་དང་མཉམ་དུ་གཞུང་འབྲེལ་གྱི་སྐུ་ཚབ་ཡོད་པའི་ལམ་ནས་འབྲེལ་མོལ་དེ་༢༠༡༠་ནས་མཚམས་ཆད་ཡོད་ཀྱང་། དེའི་རྗེས་ནས་སྐུ་ཚབ་མེད་པའི་ཐོག་ནས་མུ་མཐུད་དུ་འབད་བརྩོན་གནང་བཞིན་པ་བོད་མིའི་སྒྲིག་འཛུགས་ཀྱིས་དུས་ནས་དུས་སུ་གསལ་བཤད་གནང་གི་ཡོད་ཅིང་། འཆར་ཅན་འཚོགས་བཞིན་པའི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་འདི་གསར་འཛུགས་གནང་དོན་ནི། འཚེ་མེད་ཞི་བ་དང་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་དེ་བཞིན། བོད་རྒྱ་མི་རིགས་ཕྱོགས་གཉིས་ཀྱི་མོས་མཐུན་ཐོག་ནས་སེལ་ཐབས་ཀྱི་ཐབས་ལམ་འཚོལ་རྒྱུའི་སྲིད་བྱུས་ཐོག རོགས་ཕན་ཡོང་ཆེད་ཡིན་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་སུ་འཁོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་པཎ་ཆེན་དུ་བསྐོས་པ་རྒྱལ་མཚན་ནོར་བུ་བལ་ཡུལ་ནང་ཡོང་རྒྱུ་ཡིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་བདམས་ཐོན་སྲིད་འཛིན་མཆོག་གིས་གྲོས་ཚོགས་འཐུས་མི་ཟུར་པ་(David Perdue)་ལགས་རྒྱ་ནག་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོར་བསྐོ་བཞག་མིང་འདོན་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎