གཞུང་ཚབ་པས་བོད་ནང་གི་གནས་སྟངས་ཐད་ཐུགས་འཚབ།


2013-11-01
Share
ཁེ་ན་ཊའི་གཞུང་ཚབ་པ་སྐུ་ཞབས་Jacquesམཆོག ཁེ་ན་ཊའི་གཞུང་ཚབ་པ་སྐུ་ཞབས་Jacquesམཆོག་
པར། བོད་མིའི་སྒྲིག་འཛུགས།

ཁེ་ན་ཊའི་གཞུང་ཚབ་པ་བོད་དུ་ཕེབས་རྗེས་བོད་ནང་གི་དངོས་ཡོད་གནས་སྟངས་ཐད་ཐུགས་འཚབ་བྱུང་བ་གསལ་སྟོན་བྱས་འདུག

དེ་ཡང་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་ཇུས་ལ་བོད་ནང་གི་བོད་མི་༡༢༠་ལྷག་གིས་ངོ་རྒོལ་གནང་སྟེ་རང་ལུས་མེ་བསྲེག་བཏང་བའི་ཛ་དྲག་གི་སྐབས་འདིར་། ཕྱི་ཟླ་དགུ་པའི་ཚེས་༢༤ནས་༢༩ བར་ཁེ་ན་ཊའི་གཞུང་ཚབ་པ་སྐུ་ཞབས་Jacquesམཆོག་བོད་ཀྱི་ས་ཁུལ་ཁག་ཅིག་ནང་དངོས་ཡོད་གནས་སྟངས་གཟིགས་ཞིབ་ཏུ་ཕེབས་ཡོད་ཅིང། ཕྱི་ཟླ་༡༠ པའི་ཚེས་༣༡ རེས་གཟའ་ཕུར་བུའི་ཉིན་ཁེ་ན་ཊའི་ཕྱི་སྲིད་བློན་ཆེན་མཆོག་གིས་ཁོང་ཚོའི་གཞུང་ཚབ་པ་བོད་དུ་ཕེབས་ཏེ་ཕྱིར་འཁོར་བའི་རྗེས། ཁེ་ན་ཊའི་གཞུང་གིས་ལངས་ཕྱོགས་བརྟན་པོའི་ཐོག་ནས་བོད་ནང་དུ་ཆོས་དད་རང་དབང་ཐོག་ལ་རྒྱ་ནག་གཞུང་གིས་དམ་དྲག་བྱེད་པའི་བྱ་སྤྱོད་མཚམས་འཇོག་ཡོང་ཐབས་གནང་དགོས་པའི་རེ་འདུན་ཞུས་པའི་སྐོར་གསུང་བ་དང་། བོད་ནང་གི་དངོས་ཡོད་གནས་སྟངས་ཐད་ཐུགས་འཚབ་བྱུང་བ་གསལ་སྟོན་བྱས་ཡོད་པ་རེད། ད་རེས་ཁེ་ན་ཊའི་གཞུང་ཚབ་པ་བོད་ཀྱི་ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། དེ་བཞིན་ལྷ་ལྡན་གཙུག་ལག་ཁང་དུ་ཕེབས་ཏེ་དགེ་འདུན་པ་ཁག་ཅིག་དང་མཇལ་བ་དང། ཕོ་བྲང་པོ་ཏ་ལ་དང། གདན་ས་སེ་ར། བཀྲིས་ལྷུན་པོ་སོགས་སུ་ཕེབས་ཡོད་པ་རེད། སྐབས་དེར་ཁོང་འཚམས་འདྲི་ཕེབས་ཡུལ་རྣམས་ལ་འབྲེལ་ཡོད་ཞིང་ཆེན་དང་ས་གནས་ཀྱི་དཔོན་རིགས་ནས་བོད་ནང་དུ་འཛུགས་སྐྲུན་ཡར་རྒྱས་གཏོང་ལུགས་དང། འགྲོ་བ་མིའི་ཐོབ། ཆོས་དད་རང་དབང་སོགས་ཡོད་ཚུལ་བཤད་ཡོད་པ་རེད། གཞིས་རྩེ་ཁུལ་དུ་ཕེབས་པའི་སྐབས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་དང་བོད་མི་དབང་པོ་སྐྱོན་ཅན་ཚོར་རོགས་རམ་གནང་མཁན་གྱི་ཚོགས་པ་གཉིས་ཟུང་འབྲེལ་གྱིས་བཙུགས་པའི་བག་ལེབ་བཟོ་གྲྭར་གཟིགས་ཞིབ་ཕེབས་ཏུ་ཕེབས་ཡོད་པ་དང། བཟོ་གྲྭ་དེ་ནི་ཁེ་ན་ཊའི་གཞུང་གིས་མཐུན་འགྱུར་རོགས་རམ་གནང་ཡུལ་གྲས་ཤིག་ཡིན་པ་མ་ཟད། བཟོ་གྲྭ་དེའི་དམིགས་ཡུལ་ནི་བོད་ཕྲུག་ན་གཞོན་མིག་ལོང་བ་དང་དབང་པོ་སྐྱོན་ཅན་རྣམས་ལ་ལས་ཀའི་སྦྱོང་བརྡར་སྤྲད་དེ་ཁོང་ཚོར་ལྟ་སྐྱོང་གནང་ཡུལ་ཞིག་ཡིན་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།