སྐུ་ཚབ་དོན་གཅོད་ཁག་གི་ལོ་འཁོར་ལྷན་ཚོགས་གནང་བཞིན་པ།

བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ཁག་གི་ཉིན་གཉིས་ཀྱི་ལོ་འཁོར་ལྷན་ཚོགས་བཞུགས་སྒར་རྡ་རམ་ས་ལར་དབུ་བཙུགས་གནང་ཡོད་འདུག
2008-09-20
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ཁག་གི་ཉིན་གཉིས་ཀྱི་ལོ་འཁོར་ལྷན་ཚོགས་བཞུགས་སྒར་རྡ་རམ་ས་ལར་དབུ་བཙུགས་གནང་ཡོད་ཅིང་ བོད་ཀྱི་དཀའ་རྙོག་ཛ་དྲག་དང་སེལ་ཐབས་བྱ་རྒྱུའི་འབད་བརྩོན་བྱ་གལ་ཆེ་བའི་སྐོར་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་གིས་གསུང་བཤད་གནང་འདུག

ལྷག་པར་དུ་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པ་གནང་སྐབས་རྒྱ་ནག་མི་དམང་ས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཁག་བོད་དུ་ལག་བསྟར་བྱེད་ཕྱོགས་སྐོར་བཀའ་བསྡུར་གནང་རྒྱུར་མོས་མཐུན་བྱུང་ལུགས་བཀའ་བློན་ཁྲི་པ་མཆོག་གིས་གསུངས་གནང་ཡོད་པ་རེད་ བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ཁག་གི་ལོ་འཁོར་ཚོགས་ཆེན་ནང་ལས་དོན་ཇི་བྱས་དང་ གྲུབ་འབྲས་ཇི་ཐོན་ མ་འོངས་བྱེད་འཆར་བཅས་ཀྱི་ལས་སྡོམ་སྙན་སེང་དང་སྦྲགས་ ནང་ཁུལ་འབྲེལ་མཐུད་དང་ལྷག་པར་དུ་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁང་དང་འབྲེལ་ལམ་སྔར་ལྷག་གནང་ཕྱོགས་སྐོར་བཀའ་བསྡུར་གནང་གི་ཡོད་པ་རེད་ ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་ཕེབས་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ང་དགུ་འོག་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་འདི་ལོ་ཕྱི་ཟླ་༡༡པའི་ཚེས་༡༧ནས་༢༢བར་བཞུགས་སྒར་རྡ་རམ་ས་ལར་བསྐོང་འཚོགས་གནང་གཏན་འཁེལ་བའི་ནང་སྐུ་ཚབ་དོན་གཅོད་རྣམས་ངོ་བཞུགས་གནང་རྒྱུར་༸གོང་ས་མཆོག་ནས་བཀའ་ཁྲོལ་ཐོབ་ཡོད་ལུགས་བཀའ་བློན་ཁྲི་པ་མཆོག་གིས་གསལ་བཤད་གནང་འདུག ཕྱི་དྲིལ་བཀའ་བློན་སྐལ་བཟང་དབྱངས་སྐྱིད་སྟག་ལྷ་མཆོག་དང་བཀའ་བློན་བསྟན་པ་ཚེ་རིང་རྣམ་གཉིས་ཀྱང་ཚོགས་བཞུགས་གནང་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།