ཧོང་ཀོང་ཁུལ་དུ་བོད་མི་སྒེར་སོ་སོ་འགྲོ་བསྐྱོད་ཆོག་པ་གཏན་འབེབས་བྱས་འདུག

2024.05.11
ཧོང་ཀོང་ཁུལ་དུ་བོད་མི་སྒེར་སོ་སོ་འགྲོ་བསྐྱོད་ཆོག་པ་གཏན་འབེབས་བྱས་འདུག ཧོང་ཀོང་ནང་ཡུལ་བསྐོར་བ།
Reuters

ཕྱི་ཟླ་ ༥ ཚེས་ ༢༧ ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་ས་ཐེ་བའི་གྲོང་ཁྱེར་བརྒྱད་ཀྱི་མི་སེར་ཚོས་ཧོང་ཀོང་ནང་སྒེར་ངོས་ནས་ཡུལ་བསྐོར་སྤྲོ་འཆམ་དུ་བསྐྱོད་རྒྱུའི་སྙན་ཞུ་བསྐྱལ་ཆོག་པའི་སྐོར་རྒྱ་ནག་གི་ཕྱི་མི་ཞིབ་ཤེར་ལས་ཁང་གིས་གཟའ་སྤེན་པ་ཟླ་ ༥ ཚེས་ ༡༡ ཉིན་འགྲེལ་བརྗོད་བྱས་ཡོད་འདུག  བོད་དང་། ཤིན་ཅང་།  ནང་སོག་ཚུད་པའི་རྒྱ་ནག་གི་དབང་སྒྱུར་འོག་ཡོད་པའི་རྒྱ་ནག་སྐམ་སའི་གྲོང་ཁྱེར་ཐེ་བའི་ས་གནས་ཁག་བརྒྱད་ཀྱི་མི་སེར་ཚོ་ཚོགས་པའི་ངོ་བོར་ཞུགས་མ་དགོས་པར་རང་ངོས་སྒེར་གྱི་ཐོག་ནས་ཧོང་ཀོང་ནང་ཡུལ་བསྐོར་སྤྲོ་འཆམ་དུ་བསྐྱོད་ཆོག་པའི་གཏན་འབེབས་བྱས་ཡོད་པ་དང་།   འདི་ནི་འདས་པའི་ཟླ་བ་གསུམ་ནང་ཚུད་འགྱུར་ལྡོག་ཐེངས་གཉིས་པ་དེ་ཆགས་ཡོད་འདུག་ལ། པེ་ཅིན་གཞུང་གིས་ཧོང་ཀོང་ལ་རྒྱབ་སྐྱོར་དང་ཡིད་ཆེས་ཀྱི་རྣམ་པ་ཞིག་མཚོན་གྱི་ཡོད་ལུགས་རྒྱ་ནག་ཡུལ་བསྐོར་སྤྲོ་འཆམ་ལས་ཁང་གི་དཔོན་རིགས་ཤིག་གིས་འགྲེལ་བརྗོད་བྱས་ཡོད་འདུག   འོན་ཀྱང་ཨ་རི་དང་།  ཨིན་ཡུལ་ཐེ་བའི་མང་གཙོ་ཡར་ཐོན་གྱི་རྒྱལ་ཁབ་ཁག་གི་གཞུང་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་གིས་ཧོང་ཀོང་འདི་བཞིན་སྔར་རྒྱ་ནག་གཞུང་གིས་དབྱིན་ཇིའི་ལག་ནས་རྩིས་ལེན་བྱས་སྐབས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་མང་གཙོའི་ཚད་མཐོའི་རིམ་པ་དེ་མུར་གང་ཐུབ་ལག་བསྟར་བྱེད་རྒྱུ་ཡིན་པ་བརྗོད་པ་འདི་ཉམས་དམས་སུ་གཏོང་གི་ཡོད་པའི་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་རེད།   

ཧོང་ཀོང་ནང་སྒེར་ངོས་ནས་བསྐྱོད་ཆོག་པའི་གྲོང་ཁྱེར་བརྒྱད་པོ་ནི། ཧྲན་ཤིའི་ཐད་ཡོན་གྲོང་ཁྱེར་དང་།  ནང་སོག་གི་ཧུའུ་ཧའ་ཧའོ་ཐ་གྲོང་ཁྱེར།  ཧད་ལུང་ཅང་གི་ཧའ་འར་པིང་གྲོང་ཁྱེར།  བོད་ཀྱི་རྒྱལ་ས་ལྷ་ས་གྲོང་ཁྱེར།  ཀན་སུའུ་ཞིང་ཆེན་གྱི་ལན་ཀྲའུ་གྲོང་ཁྱེར།  མཚོ་སྔོན་གྱི་ཟི་ལིང་གྲོང་ཁྱེར།  ཉི་ཤག་གྱི་ཡིང་ཁྲོན་གྲོང་ཁྱེར།  དེ་བཞིན་ཤིན་ཅང་གི་ཨུ་རུམ་ཆི་གྲོང་ཁྱེར་བཅས་ཡོད་འདུག 

མི་སྒེར་ངོས་ནས་ཡུལ་བསྐོར་དུ་བསྐྱོད་རྒྱུའི་འཆར་འགོད་ལྟར་ན།  གོང་ཞུས་གྲོང་ཁྱེར་ཁག་གི་མི་སེར་ཚོར་སྙན་ཞུ་བསྐྱལ་བའི་རྗེས་ཁོང་ཚོ་ཧོང་ཀོང་དང་མེ་ཁོའོ་ནང་དུས་ཡུན་ཉིན་གྲངས་བདུན་རིང་སྡོད་ཆོག་པ་དང་།  སྙན་ཞུ་ཕུལ་མཁན་ཚོས་དུས་ཡུན་ཟླ་བ་གསུམ་མམ་ལོ་གཅིག་གི་དུས་བཀག་ཐོངས་མཆན་ཞུ་ཆོག་ཅིང་།  དེ་ཡང་ཐེངས་གཅིག་གམ་ཐེངས་གཉིས་ཧོང་ཀོང་དང་མེ་ཁོའོ་ནང་འཛུལ་ཆོག་པའི་ཐོངས་མཆན་ཞུ་ཆོག་གི་ཡོད་འདུག  

ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་གནས་གཞུང་གིས་སྤྱི་ཁྱབ་འགན་འཛིན་ལིའི་ཅའ་ཁྲའོ་ཡིས་པེ་ཅིན་གཞུང་གིས་རྒྱ་ནག་གི་དབང་འཛིན་འོག་ཡོད་པའི་གྲོང་ཁྱེར་དང་ས་ཁུལ་ཁག་ནས་ཧོང་ཀོང་ནང་ཡུལ་བསྐོར་སྤྲོ་འཆམ་དུ་ཡོང་མཁན་མང་དུ་བཏང་བ་དེར་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་།  ད་ལྟའི་ཆར་རྒྱ་ནག་ནས་ཧོང་ཀོང་ནང་སྤྲོ་འཆམ་དུ་ཡོང་ཆོག་པའི་རྒྱ་ནག་གི་གྲོང་ཁྱེར་ ༥༩ ཙམ་ཆགས་ཀྱི་ཡོད་འདུག  

གསར་འགོད་པ། འཆི་མེད།

རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག

དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིས་བོད་བརྒྱུད་ནང་བསྟན་གྱི་གནའ་བོའི་རིག་དངོས་ཁག་ཅིག་རྒྱ་ནག་ལ་ཕྱིར་སྤྲོད་བྱས་བར་བོད་མི་ཚོས་སེམས་ཚབས་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎