རྒྱ་ནག་གི་གནོན་ཤུགས་འོག་མ་ཚུད་པ་བྱེད་དགོས་ཞེས་བའི་དཔྱད་བརྗོད།
2017.07.24
བྷོ་ཚི་ཝ་ནའི་རྒྱལ་ཁབ་ཀྱིས་རྒྱ་ནག་གི་གནོན་ཤུགས་འོག་མ་ཚུད་པ་བྱེད་དགོས་ཀྱི་རེད་ཅེས་ཞིབ་འཇུག་མཁས་པས་དཔྱད་བརྗོད་སྤེལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག རིང་མིན་ཕྱི་ཟླ་བརྒྱད་པའི་ནང་གླིང་ཆེན་ཨ་ཧྤི་རི་ཀའི་རྒྱལ་ཁབ་Botswanaར་ཆིབས་བསྒྱུར་བསྐྱངས་ཏེ། ཡུལ་དེའི་སྲིད་འཛིན་Ian Khama་མཆོག་དང་མཇལ་འཕྲད་གནང་རྒྱུའི་མཛད་འཆར་ལ་རྒྱ་ནག་གཞུང་གིས་ཁོང་ཁྲོ་བྱེད་སྲིད་རྒྱུ་ཡིན་ནའང་། Bostwana རྒྱལ་ཁབ་ཀྱིས་རྒྱ་ནག་གི་གནོན་ཤུགས་འོག་མ་ཚུད་པ་བྱེད་དགོས་ཀྱི་རེད་ཅེས་ཨ་ཧྥི་རི་ཀའི་དཔལ་འབྱོར་དང་ཆབ་སྲིད། འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་འབྲེལ་ལམ་ཐོག་གི་ཞིབ་འཇུག་མཁས་པ་བུད་མེད་(Nchiczi Smarts) ཡིས་(Mmegionline) ཞེས་པའི་དྲ་ལམ་
གསར་འགྱུར་ཐོག་དཔྱད་བརྗོད་ཞིག་སྤེལ་གནང་འདུག
ཁོང་གིས་གསུངས་ན། ༧གོང་ས་༧ཏཱ་ལའི་བླ་མ་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཆིབས་བསྒྱུར་གྱི་མཛད་འཆར་ཡོད་ན། དེས་རྒྱ་ནག་ལ་བསུན་གཙེར་ཆེན་པོ་ཡོང་གི་ཡོད་པར་སོང་། རྒྱ་ནག་གིས་༧གོང་ས་མཆོག་གདན་འདྲེན་ཞུ་མཁན་རྒྱལ་ཁབ་མཉམ་འབྲེལ་བ་བཅད་རྒྱུའི་སྡིག་ར་སྐུལ་ནས་དཔལ་འབྱོར་གྱི་ཉེས་ཆད་བཏང་གི་ཡོད་པ་རེད། དཔེར་ན་སྔ་ལོ་༧གོང་ས་མཆོག་་་སོག་ཡུལ་ལ་ཕེབས་རྗེས་རྒྱ་ནག་གིས་སོག་ཡུལ་ཐོག་ས་མཚམས་འགག་སྒོའི་དཔྱ་ཁྲལ་སྤར་ཡོད་པ་རེད། དེ་བཞིན་(Botswana)འི་ཁྱིམ་མཚེས་རྒྱལ་ཁབ་ལྷོ་ཨ་ཧྥི་རི་ཀས་ཀྱང་རྒྱ་ནག་གི་གནོན་ཤུགས་འོག་ཕྱིན་ནས། ༧གོང་ས་༧ཏཱ་ལའི་བླ་མ་མཆོག་ལ་༢༠༠༩་ནས་བཟུང་ཡུལ་དེའི་ནང་ཕེབས་ཆོག་པའི་ཐོང་མཆན་Visa ཐེངས་གསུམ་ཕུལ་མེད་པ་རེད།
དེ་བཞིན་རྒྱ་ནག་གིས་Botswana ར་༧གོང་ས་༧ཏཱ་ལའི་བླ་མ་མཆོག་གདན་འདྲེན་ཞུས་ན་འགྲིག་རྒྱུ་མིན་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད། ༧གོང་ས་མཆོག་གི་ཆིབས་བསྒྱུར་གྱི་ཐག་གཅོད་ལ་ནོར་འཁྲུལ་མ་ཤོར་བའི་རེ་བ་རྒྱ་ནག་གིས་བྱེད་ཀྱི་ཡོད་ཅེས་ཀྱང་བརྗོད་འདུག
རྒྱ་ནག་ལ་མ་བཅོས་རྒྱུ་རྫས་ཀྱི་དགོས་མཁོ་ཤུགས་ཆེན་པོ་ཡོད་པའི་ཆ་ནས་རྒྱ་ནག་དེ་བཞིན་ཨ་ཧྥི་རི་ཀའི་ནང་མ་རྩ་འཛུགས་འཇོག་བྱེད་མཁན་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གི་གཉེར་བའི་ཁེ་གཉེར་ལས་ཁང་ཁག་ལ་(Botswana)་ནང་གཞུང་ལམ་དང་ཆུ་རག གློག་ཁང་དང་གནམ་ཐང་སོགས་གསར་རྒྱག་འཛུགས་སྐྲུན་བྱ་རྒྱུའི་བོག་མ་རག་ཡོད་པ་རེད་ལ། དེང་གི་འཆར་(Botswana)འི་ཕ་ལམ་བཟོ་གྲྭའི་ཐོན་ཁུངས་ཀྱི་ཁྲོམ་རྭ་ཆེ་ཤོས་དེ་རྒྱ་ནག་ཆགས་ཡོད་པ་རེད། གོང་ཞུས་གནད་དོན་དེ་ཚོའི་རྐྱེན་པས་རྒྱ་ནག་ལ་(Botswana)འི་ཐོག་དཔལ་འབྱོར་གྱི་གཞི་ཡུལ་ཐོག་ནས་གནོན་ཤུགས་ཆེན་པོ་ཐེབས་རྒྱུའི་ནུས་པ་ཡོད་པ་རེད་ཅེས་གནད་དོན་དབྱེ་ཞིབ་པ་(Nchidzi Smarts) ཡིས་དཔྱད་པ་གནང་འདུག
འོན་ཀྱང་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་འགྲོ་བཞིན་པའི་རྒྱ་ནག་ལ། རང་བཞིན་འབྱུང་ཁུངས་ཀྱི་གཏེར་ཁའི་ཐོན་ཁུངས་རྒྱུན་མ་ཆད་པ་ཞིག་ཤིན་ཏུ་ནས་དགོས་གལ་ཆེན་པོ་ཆག་ཡོད་པ་དེ་(Botwana) ལ་ཡོད་པའི་ཐོག གླིང་ཆེན་ཨ་ཧྥི་རི་ཀའི་ནང་རྒྱ་ནག་གི་ཤུགས་རྐྱེན་རྒྱ་བསྐྱེད་གཏོང་རྒྱུའི་རྨང་གཞི་བརྟན་པོ་ཞིག་དགོས་ཀྱི་ཡོད་པ་དེའང་(Botswana) ་ཆགས་ཀྱི་ཡོད་སྟབས། རྒྱ་ནག་གིས་༧གོང་ས་མཆོག་ཡུལ་དེར་གདན་ཞུའི་ཐད་སྡུག་སྐད་རྒྱབ་པ་མ་གཏོགས་དངོས་སུ་(Botswana)འི་གཞུང་དང་འབྲེལ་ལམ་བཅད་ཐུབ་རྒྱུ་ཁག་པོ་ཡིན་སྐོར་(Nchidzi Smarts) ཡིས་དཔྱད་བརྗོད་ཞིག་རེས་གཟའ་པ་སངས་ཉིན་སྤེལ་གནང་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།