བོད་ནང་རྒྱ་ནག་གི་མི་སེར་སྤེལ་ཡུལ་དང་དེའི་ཤུགས་རྐྱེན་ཐད་མཁས་བའི་བགྲོ་གླེང་གནང་འདུག

2023.08.29
བོད་ནང་རྒྱ་ནག་གི་མི་སེར་སྤེལ་ཡུལ་དང་དེའི་ཤུགས་རྐྱེན་ཐད་མཁས་བའི་བགྲོ་གླེང་གནང་འདུག བོད་ནང་རྒྱ་ནག་གི་མི་སེར་སྤེལ་ཡུལ་དང་དེའི་ཤུགས་རྐྱེན་ཐད་མཁས་བའི་བགྲོ་གླེང་གནང་སྐབས། ༠༨།༢༨།༢༠༢༣
TYC

དེ་ཡང་འདི་ཟླའི་ཚེས་༢༨ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་ཧི་མ་ཡ་ལའི་ཨེ་ཤེ་ཡའི་ཞིབ་འཇུག་ལྟེ་གནས་ཁང་གཉིས་ཟུང་འབྲེལ་གྱི་གོ་སྒྲིག་འོག དྲྭ་རྒྱ་བརྒྱུད་ཨ་མི་རི་ཀ་དང་ཡོ་རོབ། རྒྱ་གར་བཅས་ནས་མཁས་དབང་ཁག་ཅིག་མཉམ། རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༦༥་ལོར་བོད་དེ་བཞིན་བོད་རང་སྐྱོང་ལྗོངས་ཟེར་བ་སོགས་དབྱེ་བ་མང་པོ་ཕྱེ་དགོས་པའི་དགོས་པ་རྒྱུ་མཚན་དང་། དེའི་ཤུགས་རྐྱེན་ཇི་ཐེབས་སོགས་ལ་དཔྱད་ཞིབ་གནང་སྟེ། གང་ལྟར་རྒྱ་ནག་གིས་ས་ཁྲ་བྲིས་བཀོད་ཐོག་ནས་བོད་ནང་མི་སེར་སྤེལ་ཡུལ་གྱི་སྲིད་ཇུས་འཛིན་པ་(China’s Cartographic Colonialism in Tibet)་ཞེས་པའི་བརྗོད་གཞིའི་ཐོག་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་གནང་བ་རྒྱ་གར་གྱི་གསར་འགོད་པ་དང་པར་པ་(Vijay Kranti)་ལགས་ཀྱིས་གཙོ་སྐྱོང་གནང་འདུག
བགྲོ་གླེང་དེར་རྒྱ་ནག་གི་སྐོར་ཕྱག་དེབ་མང་པོ་བྲིས་མྱོང་ཡོད་པའི་རྩོམ་པ་པོ་གྲགས་ཅན་དང་། དེ་སྔོན་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་ཧྥ་རན་སིའི་གསར་ལས་ཁང་གི་གསར་འགོད་པ་ཡིན་པ་ཧྥ་རན་སི་ནས་ཡིན་པ་(Pierre Antoine Donnet)་ལགས་དང་། བོད་ཀྱི་གནད་དོན་ཐོག་མཁས་པ་དང་སུད་བོད་མཛའ་འབྲེལ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཡང་ཡིན་པ་(Dr. Uwe Meya)་ལགས། ཨ་རི་དང་བོད་ཀྱི་མནའ་འབྲེལ་ཚོགས་པའི་དབུ་འཛིན་དང་ཨ་རིའི་ནང་ཕྱི་མི་གཞིས་སྤོ་དང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་མཁན་ཨ་རི་ནས་བསྟན་འཛིན་བསམ་ཕོ་ལགས་བཅས་མཉམ་ཞུགས་གནང་འདུག
སྐབས་དེར་(Dr. Uwe Meya)་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་དེ་བཞིན་བཙན་འཛུལ་བྱས་པའི་རྒྱལ་ཁབ་གཅིག་མ་ཡིན་པར་རྒྱ་ནག་གི་ལྷོ་ཕྱོགས་ཀྱི་མངའ་ཁུལ་ཞིག་ཡིན་པ་དང་། བོད་མི་རྣམས་མི་རིགས་ལོགས་སུ་མ་ཡིན་པར་རྒྱ་ནག་གི་གྲངས་ཉུང་མི་རིགས་ཤིག་ཡིན་སྐོར་དྲིལ་བསྒྲགས་བྱེད་མུས་ཡིན་སྐོར་དང་། ད་ཆ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་བོད་ཞེས་པའི་ཐ་སྙད་ཀྱི་ཚབ་ལ་(xizang)་བོད་ལྗོངས་ཞེས་པ་བེད་སྤྱོད་བཏང་སྟེ། བོད་ཀྱི་མིང་ཡང་མེད་པ་བཟོ་ཐབས་བྱེད་ཀྱི་ཡོད་སྐོར་སོགས་གསུངས་འདུག
ཡང་གསར་འགོད་པ་(Pierre Antoine Donnet)་ལགས་ཀྱིས་དེང་སྐབས་རྒྱ་ནག་གི་དཔལ་འབྱོར་གྱི་གནས་སྟངས་སྐྱོ་རུ་འགྲོ་བཞིན་པ་དང་། ལས་མེད་ཀྱི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པ་ཁག་ལ་བརྟེན་ནས་ཞི་ཅིན་ཕིན་ལ་ཡིད་ཐང་ཆད་མཁན་མི་མང་ཇེ་མང་དུ་འགྲོ་མུས་ཡིན་པ་སོགས་ཀྱི་རྐྱེན་པས། ཞི་ཅིན་ཕིན་ལ་ཕུགས་བརྟེན་མེད་པའི་ཚོར་བ་སྐྱེས་ཀྱི་ཡོད་པས་ན། རྒྱ་ནག་ནང་དགུན་དུས་གསར་པ་ཞིག་སླེབས་རྒྱུ་ཡིན་ལུགས་སོགས་གསུངས་འདུག
ཡང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནས་ཡིན་པ་དང་རྒྱ་ནག་གིས་བཙན་བཟུང་བྱས་བའི་བོད་ནང་འཚར་ལོངས་བྱུང་བ་བསྟན་འཛིན་བསམ་ཕོ་ལགས་ཀྱིས། ད་ཆ་རྒྱ་ནག་གཞུང་གིས་རྒྱ་སྐད་དང་ཤེས་ཡོན་སློབ་གསོ་བརྒྱུད་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་་བོད་མི་རིགས་ཀྱི་ངོ་བ་བཅས་པ་རྩ་མེད་བཟོ་ཐབས་བྱེད་ཀྱི་ཡོད་པའི་ཞིབ་ཕྲའི་གནས་ཚུལ་ངོ་སྤྲོད་དང་འབྲེལ། བོད་ནང་གི་བོད་མི་རྣམས་ལ་འགྲོ་འོང་རང་དབང་མེད་པ་སོགས་གནས་ཚུལ་ཛ་དྲག་པོ་ཡོད་པ་ཁག་གི་སྐོར་གསུངས་འདུག
མཐའ་དོན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ཀྱིས་མཇུག་བསྡོམས་གཏམ་བཤད་གནང་སྐབས། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་མི་མང་རྣམས་ཀྱིས་བོད་རང་སྐྱོང་ལྗོངས་ཟེར་བ་གཅིག་པུ་མ་ཡིན་པར་བོད་ཆོལ་ཁ་གསུམ་ཡོངས་རྫོགས་ཀྱི་རང་བཙན་བསྐྱར་གསོའི་ཆེད་འཐབ་རྩོད་གནང་གི་ཡོད་པ་དང་། ད་བར་བོད་མི་༡༥༧་ལྷག་གིས་རང་ལུས་མེར་བསྲེགས་གནང་བ་དེས་རྒྱ་མིའི་མི་སེར་སྤེལ་ཡུལ་གྱི་བཙན་འཛུལ་འོག་ནས་བོད་ཆོལ་གསུམ་ཡོངས་རྫོགས་རང་བཙན་སླར་གསོའི་ཆེད་འཐབ་རྩོད་གནང་གི་ཡོད་པ་ཕྱིར་གསལ་བཏོན་གནང་ཡོད་སྐོར་སོགས་གསུངས་འདུག
རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་དེ་བཞིན་མའོ་ཙེ་ཏུང་གིས་ཕྱི་ལོ་༡༩༦༥་ལོའི་ཕྱི་ཟླ་༩་བའི་ཚེས་༡་ཉིན་བོད་དུམ་བུ་མང་པོར་དབྱེ་བ་ཕྱེ་བའི་ཆ་ཤས་ཤིག་ལ་བོད་རང་སྐྱོང་ལྗོངས་ཟེར་བ་མིང་བཏགས་ནས་མི་ལོ་༥༨འཁོར་བའི་དུས་དྲན་གྱི་སྔ་ནུབ་ལ་གནང་བ་ཞིག་ཡིན་འདུག
རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པའི་ལོ་༡༤་རྗེས་སུ་མའོ་ཙེ་ཏུང་གིས་ཁམས་དང་ཨ་མདོའི་ས་ཁུལ་མང་པོ་ཞིག་བོད་ནས་ཁ་བྲལ་བཏང་སྟེ་རྒྱ་ནག་གི་ཞིང་ཆེན་ཡུན་ནན་དང་། སི་ཁྲོན། མཚོ་སྔོན་དང་ཀན་སུའུ་བཅས་ནང་ཟླ་སྒྲིལ་བཏང་འདུག


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་པེ་ཅིན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་དགེ་འདུན་པ་ཚོར་ཏཱ་ལའི་བླ་མ་དང་ཁ་བྲལ་བར་འབྲེལ་བ་གཏན་གཅོད་དགོས་པའི་ཚོགས་འདུ་བསྐོངས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བལ་ཡུལ་གྱི་སྲིད་བློན་གྱིས་རྒྱ་ནག་ནང་འཚམས་གཟིགས་སྐབས་ཀྱི་གྲོས་རིམ་ཁྲོད་བོད་ཀྱི་ས་མཚམས་དང་འབྲེལ་བའི་བདེ་འཇགས་སྐོར་གྱི་གྲོས་མཐུན་ཚུད་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎