ལ་དྭགས་གླེ་རང་སྐྱོང་རི་ལྗོངས་ཡར་རྒྱས་འཐུས་མི་ལྷན་ཚོགས་ཀྱི་སྤྱི་ཁྱབ་བཀྲ་ཤིས་རྒྱལ་མཚན་ལགས་ཀྱིས་ལ་དྭགས་ནང་གི་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་སུ་ཕེབས་ཡོད་པ།

2021-07-10
Share
ལ་དྭགས་གླེ་རང་སྐྱོང་རི་ལྗོངས་ཡར་རྒྱས་འཐུས་མི་ལྷན་ཚོགས་ཀྱི་སྤྱི་ཁྱབ་བཀྲ་ཤིས་རྒྱལ་མཚན་ལགས་ཀྱིས་ལ་དྭགས་ནང་གི་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་སུ་ཕེབས་ཡོད་པ། ལ་དྭགས་གླེ་རང་སྐྱོང་རི་ལྗོངས་ཡར་རྒྱས་འཐུས་མི་ལྷན་ཚོགས་ཀྱི་སྤྱི་ཁྱབ་བཀྲ་ཤིས་རྒྱལ་མཚན་ལགས་ཀྱིས་ལ་དྭགས་ནང་གི་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་སུ་ཕེབས་ཡོད་པ།
བོད་མིའི་སྒྲིག་འཛུགས།

དེ་ཡང་སྐུ་ཞབས་བཀྲིས་རྒྱལ་མཚན་ལགས་ཀྱིས་ལ་དྭགས་གླེ་ཁུལ་གྱི་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ནང་གི་ཀེམ་ཁག་ཚང་མའི་ནང་འཚམས་གཟིགས་སུ་ཕེབས་ཡོད་པ་དང་།བོད་མིའི་གཞིས་ཆགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་།སྐུ་ཞབས་བཀྲ་ཤིས་རྒྱལ་མཚན་ལགས་ད་རེས་བོད་མིའི་གཞིས་ཆགས་ནང་འཚམས་གཟིགས་སུ་ཕེབས་ཏེ་བོད་མི་ཚོའི་བདེ་སྡུག་ལ་གསན་བཞེས་གནང་བ་དེ་ནི་ལ་དྭགས་གླེ་རང་སྐྱོང་རི་ལྗོངས་ཡར་རྒྱས་འཐུས་མི་ལྷན་ཚོགས་ཀྱི་ལོ་རྒྱུས་ནང་ཐེངས་དང་པོ་ཡིན་པའི་སྐོར་བཀོད་ཡོད་པ་རེད།

སྐབས་དེར་ཁོང་གི་ལྷན་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལ་སྤྱི་དང་།སླེ་རྫོང་ཀྱི་དཔོན་རིགས་སོགས་ཉིན་གཅིག་རིང་བོད་མིའི་གཞིས་ཆགས་ནང་འཚམས་གཟིགས་གནང་བ་དང་ད་དུང་རུ་ཐོག་ཀརྨ་བཀའ་རྒྱུད་ཆོས་གླིང་དང་།Choglamsar ཡི་བོན་གཞིས་ཆགས་།རྡ་ས་སྨན་རྩིས་ཁང་གི་ལ་དྭགས་གླེ་ནང་ཡོད་པའི་རིག་གཞུང་ལྟེ་གནས་ཁང་དུ་ཕེབས་ཏེ་དགོན་པ་དང་སྨན་རྩིས་ཁང་གི་ལས་བྱེད་པའི་བདེ་སྡུག་ལ་གསན་བཞེས་གནང་ཡོད་པ་རེད།

ད་དུང་གླེ་ནང་གི་ལ་སྤྱིའི་ལས་ཁུངས་སུ་ཕེབས་ཏེ་ལ་དྭགས་ཁུལ་གྱི་བོད་མིའི་འཕྲོད་བསྟེན་ཞབས་ཞུ་བྱེད་ཡུལ་།སྤྱི་ཚོགས་མཉམ་ལས་ཀྱི་ལས་དོན་དམངས་ཚོགས་ཀྱི་བརྙན་འཕྲིན་རྣམ་འདྲེན་ཞེས་པ་བཅས།ལས་ཁུངས་ཆགས་ཡུལ་དུ་བཙུགས་པ་དེ་དག་གི་གནས་སྟངས་སྐོར་ལ་བཀའ་བསྡུར་གནང་ཞིང་།ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་ཆེ་བའི་སྐབས་དེར་ས་གནས་ཀྱི་སློབ་ཕྲུག་ཚོར་ས་གནས་ཀྱི་དྲ་རྒྱའི་ཐོག་ནས་སློབ་ཚན་གོ་སྒྲིག་ཞུས་པ་དང་འབྲེལ་ཡོད་ལས་བྱེད་པ་དང་ལ་དྭགས་བོད་ཁྱིམ་སློབ་གྲྭའི་དགེ་རྒན་ཚོས་ཏོག་དབྱིབས་ནད་ཡམས་ཀྱིས་དཀའ་ངལ་འཕྲད་པའི་སློབ་ཕྲུག་ཚོར་སློབ་ཁྲིད་ཐད་རོགས་རམ་གནང་བར་རྗེས་སུ་ཡི་རང་གནང་ཡོད་པ་རེད།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལ་སྤྱིས་། ལ་དྭགས་ཀྱི་བོད་མིའི་གཞིས་ཆགས་ཀྱི་ཚབ་ཞུས་ཏེ་སྐུ་ཞབས་བཀྲ་ཤིས་རྒྱལ་མཚན་ལགས་ད་རེས་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་ཕེབས་ཏེ་བོད་མིའི་བདེ་སྡུག་གསན་བཞེས་གནང་བར་བཀའ་དྲིན་ཆེ་ཞེས་ཞུས་པ་དང་ཆབས་ཅིག་ས་གནས་ཀྱི་ལས་སྣེ་དང་རྒྱ་གར་དབུས་གཞུང་གིས་ལ་དྭགས་ནང་གི་བོད་མི་ཚོའི་གནས་སྟངས་ཡར་རྒྱས་ཐོག་ལ་ཕྱག་རོགས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།