རྒྱལ་བ་ཀརྨ་པ་མཆོག་གི་སྐུའི་འཁྲུངས་སྐར་ལ་སྲུང་བརྩི།

རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དགུང་གྲངས་༢༧ལ་ཕེབས་པའི་འཁྲུངས་སྐར་གྱི་མཛད་སྒོ་ནིའུ་ཡོཀ་ནང་ཚོགས་ཡོད་འདུག

2012.06.25

༄༅༎ཨ་རིའི་སྐུ་ཚབ་དོན་གཅོད་ཀྱིས་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གི་འཁྲུང་སྐར་མཛད་སྒོར་གསུང་བཤད་གནང་བཞག།  དེ་ཡང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲིས་ལགས་ཀྱིས་ཕྱི་ལོ་ ཕྱི་ཟླ་ ༦ ཚེས་ ༢༤ ཉིན་བཏང་གནས་ནང་འཁོད་དོན་ལྟར་ན་། ཁ་ས་ཚེས་༢༤ཉིན་བཀའ་བརྒྱུད་བསྟན་པའི་མངའ་བདག་རྒྱལ་བ་ཀརྨ་པ་ཨོ་རྒྱན་་འཕྲིན་ལས་རྡོ་རྗེ་མཆོག་དགུང་གྲངས་ ༢༧ ལ་ཕེབས་པའི་འཁྲུངས་སྐར་གྱི་མཛད་སྒོ་ ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་ཚོགས་ཡོད་འདུག་ལ་ མཛད་སྒོ་གོ་སྒྲིག་གནང་མཁན་བྱང་ཨ་རི་ཀརྨ་པ་སྲི་ཞུ་ཚོགས་པས་གདན་ཞུས་གནང་བ་ལྟར།

སྐུ་མགྲོན་གཙོ་བོ་དཔལ་སྤྲུལ་རིན་པོ་ཆེ་མཆོག་དང༌། ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་དབུས་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་རྣམ་པ། བོད་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་རྣམ་པ། ཧི་མ་ལ་ཡའི་རི་རྒྱུད་མི་སྣ། ཀརྨ་པ་རིན་པོ་ཆེའི་དད་ལྡན་ཞལ་སློབ་སོགས་སེར་སྐྱ་མང་ཚོགས་ ༥༠༠ ཙམ་ནས་འཁྲུངས་སྐར་གྱི་མཛད་སྒོར་མཉམ་ཞུགས་གནང་བཞག།
སྐབས་དེར་ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་གསུང་བཤད་གནང་བའི་ནང་ཁོང་གིས་ རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་སྐུ་ན་ཕྲ་མོའི་དུས་ནས་བཙན་བྱོལ་ལ་ཕེབས་པ་ནས་བཟུང་རིན་པོ་མཆོག་ནི་  སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་སྒྲུབ་མཁན་ཞིག་དང༌། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཀྱི་བཞེངས་ཕྱོགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་མཁན་གྱི་བླ་ཆེན་ཞིག་ཡིན་པར་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་འཛིན་ཞུ་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་ཁོང་གིས་བྱང་ཨ་རི་ཀརྨ་པ་སྲི་ཞུ་ཚོགས་པའི་མཚོན་ཁྲ་ཅན་གྱི་མཚན་བྱང་ཞལ་འབྱེད་གནང་སྟེ། དེ་རིང་གི་འཁྲུངས་སྐར་མཛད་སྒོ་ཉིན་མོར་བྱང་ཨ་རི་ཀརྨ་པ་སྲི་ཞུ་ཚོགས་པ་དངོས་སུ་དབུ་བརྙེས་པ་མཚོན་གནང་བ་དང་འབྲེལ་ ཚོགས་པ་དེས་མ་འོངས་པར་ཐོག་མའི་དམིགས་ཡུལ་བཞིན་ཕྱག་ལས་ཁག་ལམ་ལྷོངས་ཡོང་བའི་ཐུགས་རེ་གནང༌གི་ཡོད་ཅེས་གསུང་བཞག། དེ་བཞིན་མཛད་སྒོར་མཉམ་ཞུགས་གནང་མཁན་སེར་སྐྱ་མང་ཚོགས་ ༥༠༠ སྐོར་ནས་ཀརྨ་པ་རིན་པོ་ཆེའི་སྐུ་པར་ལ་དཀར་གཙང་གི་མཇལ་དར་བསྒྲོན་ཏེ། གང་ཉིད་མཆོག་དགུང་གྲངས་ ༢༧ ལ་ཕེབས་པའི་འཁྲུངས་སྐར་ལ་བཀྲིས་བདེ་ལེགས་ཀྱི་རྟེན་འབྲེལ་མཚོན་གནང་བ་དང་ཆབས་ཅིག་རྗེ་བཙུན་མི་ལའི་བླ་སྒྲུབ་ཀྱི་ཆོ་ག་དང༌། སྨོན་ལམ་རྣམ་གསུམ་སོཌ་སྨོན་ལམ་གསུང་འདོན་གནང་སྟེ། དགོང་དྲོ་ཆུ་ཚོད་བཞི་པའི་ཐོག རྒྱལ་བ་ཀརྨ་པ་རིན་པོ་ཆེ་དགུང་གྲངས་ ༢༧ ལ་ཕེབས་པའི་འཁྲུངས་སྐར་སྲུང་རྩིའི་མཛད་སྒོ་དེ་བཞིན་དོན་སྙིང་ལྡན་པའི་ཆོས་ཕྱོགས་ཀྱི་རྣམ་པའི་ཐོག་ནས་མཇུག་བསྒྲིལ་གནང་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཡིས་དིང་རི་སླར་གསོ་བསྐྱར་སྐྲུན་དང་མཉམ་མཐའ་མཚམས་བརྟན་ལྷིང་གླེང་བར་གནད་དོན་དབྱེ་ཞིབ་པས་རྒྱ་ནག་གཞུང་གིས་གནོད་ཐེབས་ས་ཁུལ་གྱི་བསྐྱར་གསོའི་ལས་དོན་ཆབ་སྲིད་ལ་སྦྱར་བར་སྐྱོན་བརྗོད་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎