རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་གི་གླེང་སྟེགས་གོ་སྒྲིག་བྱེད་པའི་འོས་བབ་མེད་ཟེར།

2023.06.15
རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་གི་གླེང་སྟེགས་གོ་སྒྲིག་བྱེད་པའི་འོས་བབ་མེད་ཟེར། པེ་ཅིང་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གླེང་སྟེགས་ཟེར་བའི་ལྷན་ཚོགས་ཞིག་ཚོགས་སྐབས། ༠༦།༡༤།༢༠༢༣
Chinese State Media

དེ་ཡང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ཟླ་༦ཚེས་༡༤ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གླེང་སྟེགས་ཟེར་བའི་ལྷན་ཚོགས་ཞིག་ཉིན་གཉིས་ཀྱི་རིང་ཚོགས་བཞིན་པ་དང་། ལྷན་ཚོགས་དེའི་ཐོག་འཛམ་གླིང་གི་རྒྱལ་ཁབ་ཁག་བརྒྱ་ལ་ཉེ་བ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་སྡེ་ཁག་ཐེ་བའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་འདྲ་མིན་ནས་ཁྱོན་མི་གྲངས་༣༠༠ལྷག་ཚོགས་ཞུགས་བྱས་ཡོད་ལུགས་དང་། ལྷན་ཚོགས་དེའི་ཐོག་འདྲ་མཉམ་དང་། མཉམ་ལས། འཕེལ་རྒྱས་སྟེ། (Vienna)་ བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་དང་། གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་བྱས་ནས་མི་ལོ་༣༠འཁོར་བར་དྲན་གསོ་བྱ་རྒྱུའི་བརྗོད་གཞིའི་ཐོག་ཚོགས་བཞིན་ཡོད་པ་བསྒྲགས་འདུག
དེའི་ཐད་རྒྱ་གར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་ནག་གཞུང་གིས་ཚོགས་འདུ་དེ་རིགས་འཚོགས་ཐབས་དེ་སྔ་ནས་བྱེད་བཞིན་ཡོད་ལ། དེ་ནི་རྒྱལ་སྤྱིའི་ནང་རྒྱ་ནག་གི་སྟོབས་ཤུགས་ངོམ་ཐབས་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་རྒྱ་ནག་གི་དབང་འོག་ལ་བསྡུ་ཐབས་བྱེད་བཞིན་པ་རེད། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་པར་བདེ་འཇགས་སྲུང་སྐྱོབ་གཙོ་བོ་འཛིན་དགོས་བ་ཞི་ཅིན་ཕིན་གྱིས་ད་ཐེངས་བརྗོད་ཡོད་པ་ལྟར། བདེ་འཇགས་ལ་ཁ་གཡར་ནས་མི་མང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པས་འདི་ནི་ཉེན་ཁ་ཆེན་པོ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བསྒྲགས་གཏམ་སྤེལ་བའི་ནང་། རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་གླེང་སྟེགས་གོ་སྒྲིག་བྱས་ནས། ཀུན་སྤྱོད་དང་ཁྲིམས་མཐུན་རང་བཞིན་གླེང་བའི་ཐོབ་ཐང་ཞིག་གང་ནས་ཡོད་དམ་ཞེས་ཟུར་ཟ་དང་འབྲེལ་ཡ་ལན་སྤྲད་འདུག
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་ཁག་ཏུ་རྒྱ་ནག་ནི་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་ཆེས་སྡུག་ཤོས་གྲས་ཀྱི་རྒྱལ་ཁབ་ཤིག་ཡིན་པ་མ་ཟད། ལྷག་པར་ཏུ་རྒྱ་ནག་གཞུང་གིས་བོད་ནང་དུ་མི་སེར་སྤེལ་བའི་གཏན་འཇགས་སློབ་གྲྭ་བཙུགས་ནས་བོད་ཀྱི་བྱིས་པ་ས་ཡ་གཅིག་ལྷག་བཙན་གྱིས་རང་གི་ཕ་མ་དང་ཁ་ཐག་རིང་བའི་བོད་མི་རིགས་རྒྱ་བསྒྱུར་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་མཚོན་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་བཞིན་པའི་ཐད་འཛམ་གླིང་རྒྱལ་ཁབ་མང་པོའི་སྲིད་གཞུང་དང་། མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཁག་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་དང་བྱེད་མུས་ཡིན་པ་རེད།


གསར་འགོད་པ། བསོད་ནམས་ལྷ་མོ། ཀེ་ཐོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་བོད་མི་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར་མྱ་ངན་ཞུ་བཞིན་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎