རྒྱ་ནག་གི་ལོ་ལྔ་ཅན་གྱི་འཆར་གཞི་༡༣་པའི་འོག་བོད་པའི་འབྲོག་པ་མང་པོ་གནས་སྤོ་བྱེད་དུ་བཅུགས་འདུག


2020-11-04
Share
རྒྱ་ནག་གི་ལོ་ལྔ་ཅན་གྱི་འཆར་གཞི་༡༣་པའི་འོག་བོད་པའི་འབྲོག་པ་མང་པོ་གནས་སྤོ་བྱེད་དུ་བཅུགས་འདུག གོ་ལོག་ནང་འབྲོག་པ་གནས་སྤོ་བྱ་ཡུལ་གསར་རྒྱག་བྱས་པའི་ཁང་པ། ༢༠༡༩།༨།༣༠
རོཡ་ཊརས།

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ཚང་འཛོམས་ཀྱི་ཚོགས་འདུ་ཐེངས་ལྔ་པ་དེ་བཞིན་ཕྱི་ཟླ་༡༠ཚེས་༢༦་ནས་༢༩་བར་འཚོགས་ནས་རྒྱ་ནག་གི་ལོ་ལྔ་ཅན་༡༤་པའི་འཆར་གཞི་འདིང་འགོ་བཙུགས་ཡོད་པ་དང་དེ་ཡིས་ཕྱི་ལོ་༢༠༢༡ནས་ཕྱི་ལོ་༢༠༢༥བར་ཁྱབ་ཀྱི་ཡོད་འདུག རྒྱ་ནག་གི་ལོ་ལྔ་ཅན་གྱི་འཆར་གཞི་ཐེངས་༡༣་པ་དེས་རྒྱ་གཞུང་གིས་བོད་དང་བོད་མི་མང་ཐོག་འཛིན་རྒྱུའི་སྲིད་ཇུས་འཛིན་སྟངས་ལ་ཤུགས་རྐྱེན་ཇི་ཐེབས་སྐོར་ཉམས་ཞིབ་གནང་བའི་ནང་རྩ་བའི་ལོ་ལྔ་ཅན་གྱི་འཆར་གཞི་དེ་དག་གིས་སྐབས་དེའི་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་གཏོང་རྒྱུའི་ལས་གཞི་ཁག་འཆར་འགོད་བྱེད་ཀྱི་ཡོད་པ་མ་ཟད། དེ་ཡིས་རྒྱ་ནག་རྒྱལ་ཡོངས་ཀྱི་ཐབས་ཇུས་དང་རྒྱ་གཞུང་གིས་གནད་དོན་གང་དང་གང་གལ་འགངས་ཆེ་ཤོས་སུ་རྩིས་དགོས་མིན་ཁག་ཀྱང་ཤུགས་ཀྱིས་བཏོན་གྱི་ཡོད་པ་རེད། རྒྱ་ནག་གི་ལོ་ལྔ་ཅན་གྱི་འཆར་གཞི་༡༣་པ་དེ་བཞིན་འདི་ལོ་ཕྱི་ལོ་༢༠༡༦་ལོར་འགོ་བཙུགས་པ་དང་འཆར་གཞི་དེའི་དམིགས་ཡུལ་གཙོ་བོ་ནི་སྤྱི་ཚོགས་གང་ལ་གང་འཚམས་ཡར་རྒྱས་ཕྱིན་པ་བཟོ་རྒྱུ་དང་ཕྱི་ལོ་༢༠༢༠་ལོ་བར་རྒྱ་ནག་སྤྱི་དང་ལྷག་དོན་དུ་བོད་ཀྱི་ས་ཁུལ་ཁག་ནང་དབུལ་ཕོངས་རྩ་མེད་བཟོ་རྒྱུར་དམིགས་ནས་བོད་པའི་འབྲོག་པ་མང་པོ་གནས་སྤོ་བྱེད་དུ་བཅུགས་འདུག  ཡང་རྒྱ་ནག་གི་ལོ་ལྔ་ཅན་གྱི་འཆར་གཞི་༡༣་པ་དེ་ནི་ཞི་ཅིན་ཕིང་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་བྱས་པའི་འཆར་གཞི་དང་པོ་དེ་ཡིན་སྟབས། ཁོང་རང་གི་གྲོས་གཞི་ཁག་ལག་ལེན་བསྟར་རྒྱུར་དམིགས་ཡོད་ཅིང་། བོད་མི་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་མངའ་ཁུལ་ཁག་ནང་དཔལ་འབྱོར་ཡར་རྒྱས་མགྱོགས་ཚད་མྱུར་པོའི་སྒོ་ནས་གཏོང་རྒྱུའི་ཐབས་ཇུས་ལག་ལེན་བསྟར་བ་དང་དུས་མཚུངས་སུ་ཁ་བྲལ་རིང་ལུགས་ལ་ཁ་གཏད་གདོང་ལེན་བྱེད་ཤུགས་གཏོང་ཐབས་སུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བོད་མི་མང་གིས་དད་གུས་ཡིད་ཆེས་བློ་རྩེ་གཅིག་ཏུ་ཞུ་བཞིན་པ་ནས་རྒྱ་ནག་དམར་ཤོག་ཚོགས་པར་དགའ་ཞེན་དགོས་པའི་བཙན་བཀའ་གཏོང་བཞིན་པ་དང་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྣམས་པའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ལམ་ལུགས་ལ་བཅོས་བསྒྱུར་བཏང་བ་བོད་ཀྱི་དགོན་སྡེ་ཁག་ལ་གསོ་བལྟའི་མྱུལ་ཞིབ་ཀྱི་པར་ཆས་སོགས་བཙུགས་ནས་དམ་བསྒྲགས་ཤུགས་ཆེ་བྱེད་ཀྱི་ཡོད་པ་སོགས་གོང་ཞུས་སྙན་ཐོ་རིང་པོ་ཞིག་བཏོན་པ་དེའི་ནང་བཀོད་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།