རྒྱ་གར་གྱི་ས་ཁུལ་རྒྱ་ནག་ཁོངས་གཏོགས་ཡོད་པའི་ས་ཁྲ།

རྒྱ་གར་གྱི་ཨ་རུ་ན་ཅལ་པར་སྡེ་ཤེ་དང་ལ་དྭགས་སོགས་ཀྱི་ས་ཁུལ་མང་པོ་ཞིག་རྒྱ་ནག་གི་ཁོངས་གཏོགས་སུ་ཡོད་པའི་ས་ཁྲ་ཞིག་ཐོན་འདུག

༄༅༎རྒྱ་གར་ལ་བཅའ་སྡོད་རྒྱ་ནག་གཞུང་དོན་སྐུ་ཚབ་ཀྲང་ཡན་གྱིས། རྒྱ་གར་གྱི་གུཇ་རའཏ་མངའ་སྡེའི་ནང་ཚོང་ལས་དཔལ་འབྱོར་གྱི་མ་རྩ་འཛུགས་འཇོག་བྱེད་སའི་མཛད་སྒོ་ཞིག་གི་ཐོག་བོད་དང་རྒྱ་གར་གྱི་ས་ཁྲ་ཞིག་སྤྲོད་ལེན་བྱས་ཡོད་པ་དེའི་ནང་། རྒྱ་གར་གྱི་ཨ་རུ་ན་ཅལ་པར་སྡེ་ཤེ་དང། ལ་དྭགས། སོགས་ཀྱི་ས་ཁུལ་མང་པོ་ཞིག་རྒྱ་ནག་གི་ཁོངས་གཏོགས་སུ་ཡོད་པའི་ས་ཁྲ་ཞིག་དང་། དེ་བཞིན་ཀ་ཤི་སྨི་རིའི་ས་ཆ་མང་པོ་ཞིག་པ་ཀི་སི་ཐའན་གྱི་ཕྱོགས་སུ་ཐེ་བའི་ས་ཁྲ་དེ་འདྲ་ཞིག་ཁྱེར་ཡོད་པ་དེའི་ཐད་རྒྱ་གར་གྱི་གསར་འགོད་པ་སོགས་མང་པོས་གནས་ཚུལ་འདྲི་རྩད་བྱས་སྐབས། ཀྲང་གིས་ཁ་བཙུམ། ཁ་བཙུམ་ཞེས་པའི་ཚིག་བེད་སྤྱོད་བཏང་ཡོད་པ་རེད། དེ་བཞིན་མགྲོན་ཁང་ཞིག་གི་ནང་ས་ཁྲ་དེའི་སྐོར་འདྲི་བ་མང་པོ་ལེན་པ་ཡིན་ཙང་དེར་རྒྱ་ནག་གི་གཞུང་ཚབ་ཀྲང་གིས་གསར་འགོད་པར་ས་ཁྲ་དཔར་འགྲེམས་བྱེད་མཁན་གྱི་ནོར་འཁྲུལ་བཏང་བ་ཞིག་ཡིན་པ་དེར་བཅོས་འགྲིག་བྱེད་ཆོག་ད་རེས་ང་ཚོ་འདིར་རྒྱ་གར་དང་མཛའ་གྲོགས་བྱེད་རྒྱུའི་ལས་དོན་ཆེད་དུ་ཡོང་བ་ཡིན་པས་ས་ཁྲའི་སྐོར་གླེང་ནས་ཕན་ཐོགས་མེད་ཅེས་བཤད་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org