རྒྱ་ནག་གཞུང་གིས་རྔ་བ་ཕྱོགས་སུ་དམ་དྲག་ཇེ་ཆེར་བཏང་འདུག


2017.01.26
རྔ་བ་རྫོང་ཐོག་ན་བསྐྱོད་བཞིན་པའི་དམག་གི་ལྕགས་འཁྲབ་འཁོར་ལོ། ༢༠༡༧།༡།༢༥ རྔ་བ་རྫོང་ཐོག་ན་བསྐྱོད་བཞིན་པའི་དམག་གི་ལྕགས་འཁྲབ་འཁོར་ལོ། ༢༠༡༧།༡།༢༥
བོད་འབྱོར།

ལོ་གསར་ཤར་ལ་ཉེ་བའི་སྐབས་འདིར་མདོ་སྨད་རྔ་བ་རྫོང་ནང་རྒྱ་ནག་གཞུང་གིས་དམ་བསྒྲགས་སྔར་ལས་ཆེ་བར་བཏང་ཡོད་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་དུ་བོད་ནས་གནས་ཚུལ་མཁོ་སྤྲོད་བྱུང་བར་གཞིགས་ན། དེང་སྐབས་ཨེ་ཤེ་ཡའི་ཡུལ་གྲུ་ཁག་མང་པོར་སྲུང་བརྩི་བྱེད་སྲོལ་ཡོད་པའི་ལོ་གསར་སླེབས་ལ་ཉེ་བའི་སྐབས་སུ། མདོ་སྨད་རྔ་བ་ཁུལ་རྔ་བ་རྫོང་ཐོག་ཏུ་སྤྱི་ཚེས་༢༦་ཉིན་དེ་ནི། དགུ་གཏོར་གཏོར་རྒྱག་གི་ཉིན་མོ་འཁེལ་ཡོད་སྟབས་ཀིརྟི་དགོན་པའི་སྐུ་རིམ་གཏོར་རྒྱག་དང་། དགུ་གཏོར་གྱི་འཆམ་རྒྱག་པ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་གལ་ཆེ་ཡོད་སྟབས། དགོན་པའི་ལྷ་སྡེ་མང་པོ་འདུ་འཛོམས་བྱེད་བཞིན་པར་བརྟེན་རྒྱ་ནག་གཞུང་གིས་ཉིན་ལྟར་རྫོང་མཁར་གྱི་སྲང་ལམ་སོགས་སུ་ལྕགས་འཁྲབ་འཁོར་ལོ་བཏང་བའི་དམག་མིས་འཇིགས་སྐུལ་བྱེད་བཞིན་ཡོད་འདུག
གནས་ཚུལ་ངོ་སྤྲོད་པས། རྔ་བ་རུ་བོད་དོན་ལས་འགུལ་བསྟུད་མར་མང་པོ་བྱུང་སྟབས་ནམ་རྒྱུན་ཡིན་ཡང་དམག་མི་དང་འགག་སྒོ་མང་པོ་རྒྱུན་འདུག་ཡིན། དེ་མིན་ནམ་རྒྱུན་ཡང་ལྕགས་འཁྲབ་འཁོར་ལོ་སོགས་ཀྱིས་སྲང་ལམ་དུ་སྐོར་སྐྱོད་བྱེད་ན་ཡང་། ཉིན་འདི་གའི་བྱེད་སྟངས་ལ་གཞིགས་ན། དམག་འཁྲུག་རྒྱག་གིན་ཡོད་པའི་རྣམ་འགྱུར་སྟོན་སྟངས་དང་གཅིག་མཚུངས་རེད། མི་རྣམས་ཀྱིས་གློག་བརྙན་ནང་འདི་ལྟ་བུའི་རྣམ་པ་མཐོང་རྒྱུ་ཡོད་པ་ལས་དངོས་སུ་མཐོང་དུས་ས་གནས་བོད་མི་ཚོ་འཇིགས་སྣང་ཆེན་པོ་སྐྱེས་བྱུང་། སྤྱིར་ན་རྔ་བ་རྫོང་ཐོག་ན་དམག་མི་སྐོར་སྐྱོད་དུས་རྒྱུན་དུ་བྱེད་ཀྱིན་ཡོད་སྟབས་ས་གནས་བོད་མི་རྣམས་ལ་མཚོན་ན་དེ་དག་གོམས་གཤིས་སུ་ཆགས་ཡོད་ཀྱང་། ད་ཐེངས་ཀྱི་བྱེད་སྟངས་དེས་ས་གནས་བོད་མི་ཚོར་སྔར་བྱུང་མྱོང་མེད་པའི་འཇིགས་སྣང་ཞིག་དང་། དགྲ་བོ་ངོ་མ་ཞིག་ལ་ངོས་འཛིན་བྱས་པའི་ཚོར་སྣང་སྐྱེས་ཡོད་པ་ངོ་སྤྲོད་གནང་འདུག

གསར་འགོད་པ་སྟག་ལྷ་རྒྱལ་དང་། དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཉག་ཆུ་རྫོང་གི་རི་ངོས་སུ་སླར་ཡང་མེ་སྐྱོན་ཤུགས་ཆེན་ཤོར་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎