རྒྱ་ནག་གཞུང་གིས་དཔྱིད་གསར་དུས་ཆེན་དང་འབྲེལ་ཟླ་གཅིག་རིང་དྲྭ་རྒྱར་དམ་དྲག་བྱ་རྒྱུ་ཡིན་འདུག

2024.01.30
རྒྱ་ནག་གཞུང་གིས་དཔྱིད་གསར་དུས་ཆེན་དང་འབྲེལ་ཟླ་གཅིག་རིང་དྲྭ་རྒྱར་དམ་དྲག་བྱ་རྒྱུ་ཡིན་འདུག ཁྲིན་ཏུའུ་རུ་བུད་མེད་གིས་ཁ་པར་བལྟ་བཞིན་པ། ༢།༢༠༢༢
AP

ཕྱི་ཟླ་༡ཚེས་༢༩ཉིན་རྒྱ་ནག་གི་དྲྭ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་གིས་དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་བ་དང་བསྟུན། བཀྲ་ཤིས་ཤིང་འཆམ་མཐུན་གྱི་དཔྱིད་གསར་དུས་ཆེན་གྱི་དྲྭ་ཐོག་རྣམ་པ་གཏོད་ཆེད། འདི་ཚེས་༣༠ཉིན་ནས་བཟུང་དུས་ཡུན་ཟླ་བ་གཅིག་གི་རིང་དྭངས་གཙང་གི་༢༠༢༤ལོའི་དཔྱིད་གསར་དུས་ཆེན་གྱི་དྲྭ་རྒྱའི་ཁོར་ཡུག་དག་ཐེར་གྱི་ཆེད་དོན་བྱ་སྤྱོད་སྤེལ་ནས། དཔྱིད་གསར་དུས་ཆེན་རིང་དྲྭ་དམངས་ཀྱིས་རྒྱུན་དུ་སྤྱོད་པའི་ལས་སྟེགས་ལྷུ་ཚིགས་དང་ཞབས་ཞུའི་རིགས་ལ་དམིགས་ནས། མང་ཚོགས་ཀྱིས་གླེང་མང་བའི་དྲ་རྒྱའི་མངོན་གསལ་དོད་པོའི་ཁོར་ཡུག་གནད་དོན་གཅིག་སྡུད་ཐོག་དག་ཐེར་བྱས་ཏེ། དྲྭ་རྒྱའི་ཁོར་ཡུག་ཡག་པོ་བསྐྲུན་རྒྱུ་ཡིན་ལུགས་རྒྱ་ནག་ཉིན་རེའི་ཚགས་པར་ཞེས་པའི་ནང་བཀོད་འདུག
དཔྱིད་གསར་དུས་ཆེན་གྱི་དྲྭ་རྒྱའི་ཁོར་ཡུག་དག་ཐེར་གྱི་ཆེད་དོན་བྱ་སྤྱོད་ནང་སྤྱི་པའི་སྒྲིག་སྲོལ་ལས་འགལ་བའི་ཡུལ་སྲོལ་ཁྱབ་བསྒྲགས་བྱེད་པ་དང་། ཆ་འཕྲིན་རྫུན་མ་བཟོ་བ། བསམ་གཟས་ནས་འུད་སྒྲོག་བྱེད་པ། ནར་མ་སོན་པའི་མིའི་ལུས་སེམས་བདེ་ཐང་ལ་གནོད་འཚེ་བཟོ་བ་སོགས་ཕྱོགས་དྲུག་ཐད་ཀྱི་གནད་དོན་གཙོ་གནད་དུ་དག་ཐེར་བྱ་རྒྱུ་ཡིན་ལུགས་བཀོད་འདུག
བོད་ནང་མཚོན་ན། ལོ་གསར་དང་གསུམ་བཅུའི་དུས་དྲན་སོགས་བོད་མི་འདུ་འཛོམས་ཀྱི་དུས་ཆེན་དང་དུས་དྲན་སྐབས་ལ་རྒྱ་ནག་གཞུང་གི་ངོས་ནས་ཆབ་སྲིད་གནད་དོན་གྱི་ཐོག་ནས་ཛ་དྲག་ཤོས་ཤིག་ཏུ་ངོས་འཛིན་བྱས་ཤིང་། སྤྱི་ཚོགས་བདེ་འཇགས་ལ་འགན་འཁུར་ཟེར་བའི་མིང་ཐོག་ནས་དམག་མི་དང་ཉེན་རྟོག་པ་འབོར་ཆེན་འགྲེམས་འཇོག་དང་། བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་བཤེར་བྱེད་པའི་ཁར། དྲ་རྒྱ་དང་འཕྲིན་ཕྲན་སོགས་ལ་ལྟ་བཤེར་གྱིས་རྒྱ་ནག་གཞུང་གི་ལས་དོན་ཕྱིར་བསྒྲགས་བྱས་པ་དང་། དམར་ཤོག་ཚོགས་པར་སྐྱོན་བརྗོད་ཀྱི་གཞི་རྩར་གྱུར་བའི་གནད་དོན་སྤེལ་བའམ་བརྒྱུད་བསྐུར་བྱེད་རིགས་ལ་དྲག་གནོན་བྱས་པའི་གནས་ཚུལ་རིམ་པར་བྱུང་ཡོད་པ་རེད།
བོད་གནས་ཉམས་ཞིབ་པ་བསྟན་འཛིན་དགྲ་ལྷ་ལགས་ཀྱིས་༢༠༢༣ལོའི་ཕྱི་ཟླ་༨པའི་ནང་དཔྱད་རྩོམ་ཤིག་སྤེལ་བའི་ནང་། བོད་ནང་དྲྭ་རྒྱ་རང་དབང་བེད་སྤྱོད་བྱས་པ་ཡིན་ན་བོད་མི་རྣམས་གང་བྱུང་གིས་འཛིན་བཟུང་དོ་དམ་དང་དྲག་གནོན་བྱེད་ཀྱི་ཡོད་པ་དང་། མདོར་ན། རྒྱ་ནག་གཞུང་གིས་བོད་ནང་དྲྭ་རྒྱའི་ཐོག་ཁྲིམས་ཡིག་གསར་པ་གཏན་འབེབས་བྱས་པའི་རྗེས་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྨྲ་བརྗོད་ཀྱི་རང་དབང་དང་སྒེར་གྱི་གནས་ཚུལ་གྱི་རང་དབང་ཐོག་དོ་ཕོག་ཤུགས་ཆེ་ཐེབས་བཞིན་ཡོད་པའི་སྐོར་བཀོད་འདུག


གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་མཆོག་འདི་ཚེས་༢༢ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་མཛད་ཀྱི་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ཀར་ཎ་ཀྲ་ཀ་མངའ་སྡེའི་རྫོང་ཁག་གི་བློན་ཆེན་ལ་རྒྱ་གར་དབུས་སའི་གཞུང་ནས་བོད་མིར་རྒྱབ་སྐྱོར་མཐུན་གྲོགས་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎