བལ་ཡུལ་དང་འབྲུག་གི་ས་མཚམས་སུ་དཀའ་རྙོག་དེ་རྒྱ་གར་གྱིས་བཟོས་ཀྱི་ཡོད་པ་རྒྱ་ནག་གིས་སྐྱོན་བརྗོད།


2020.11.26
བལ་ཡུལ་དང་འབྲུག་གི་ས་མཚམས་སུ་དཀའ་རྙོག་དེ་རྒྱ་གར་གྱིས་བཟོས་ཀྱི་ཡོད་པ་རྒྱ་ནག་གིས་སྐྱོན་བརྗོད། བལ་ཡུལ་དང་འབྲུག་གི་ས་མཚམས་སུ་དཀའ་རྙོག་དེ་རྒྱ་གར་གྱིས་བཟོས་ཀྱི་ཡོད་པ་རྒྱ་ནག་གིས་སྐྱོན་བརྗོད།
བཟོ་སྒྲིག

ཉེ་ཆར་རྒྱ་ནག་གོ་ལའི་གསར་ལས་ཁང་གི་རྩམ་སྒྲིག་པའི་དཔྱད་རྩོམ་ནང་རྒྱ་ནག་དང་བལ་ཡུལ་ས་མཚམས་དང་། རྒྱ་ནག་དང་འབྲུག་གི་ས་མཚམས་སུ་རྒྱ་ནག་གིས་བཙན་འཛུལ་བྱེད་ལུགས་ཀྱི་བདེན་པ་མ་ཡིན་པའི་གནས་ཚུལ་ཁྱབ་སྤེལ་བྱེད་ཀྱི་ཡོད་པ་དེ་ནི་ཆེད་ལས་པས་བརྗོད་ན་རྒྱ་གར་ཆབ་སྲིད་པས་བཟོས་པ་ཞིག་ཡིན་པ་སྐྱོན་བརྗོད་བྱས་ཡོད་ནའང་རྒྱ་གར་དམག་སྤྱི་ཟུར་པ་དྷོ་རུབ་ཀ་ཅོཊ་ལགས་ཀྱིས་གསུང་ན་རྒྱ་གར་གྱི་ངོས་ནས་དཀྲོག་གཏམ་རིགས་སྤེལ་དགོས་དོན་མེད། རྒྱ་ནག་གི་ཕྱོགས་ནས་བལ་ཡུལ་གྱི་ས་མཚམས་ཕྱོགས་སུ་བཙན་འཛུལ་བྱས་ཡོད། དེ་ནི་རྒྱ་གར་མི་མང་གི་བཤད་པ་ཞིག་མ་རེད། འདི་ནི་བལ་ཡུལ་མི་མང་གི་བཤད་པ་ཞིག་རེད། རྒྱ་ནག་གི་བལ་ཡུལ་ས་མཚམས་ཀྱི་ཀ་བ་ཀོག་ནས་ཀི་ལོ་མི་ཊར་ཅིག་ཚུར་བཙན་འཛུལ་བྱས་ཡོད་པ་རེད། དེ་ནི་ཕྱོགས་ཅིག་ནས་དཀྲོག་གཏམ་སྤེལ་བའི་གནས་ཚུལ་ཞིག་མ་རེད་ཅེས་གསུངས་གནང་སོང་།

བལ་ཡུལ་གྱི་ས་གཞི་བརྟག་ཞིབ་ལྷན་ཁང་གི་འགན་འཛིན་ཟུར་པ་དང་ས་ཁམས་ཚན་རིག་པ་སྐུ་ཞབས་(Buddi Narayan Shrestha)ལགས་ཀྱིས་འདི་གའི་རླུང་འཕྲིན་ཁང་ལ་གསུངས་ན།  རྒྱ་ནག་གཞུང་དང་བལ་ཡུལ་གཞུང་གཉིས་ཀྱིས། བལ་ཡུལ་གྱི་ས་མཚམས་སུ་རྒྱ་ནག་གིས་དབང་བསྒྱུར་བྱེད་མེད་པ་བརྗོད་ཀྱི་ཡོད། འོན་ཀྱང་བལ་ཡུལ་གྱི་ཕྱོགས་འགལ་ཚོགས་པས་རྒྱ་ནག་གིས་བལ་ཡུལ་གྱི་ས་མཚམས་སུ་དབང་བསྒྱུར་བྱས་ཡོད་ཅེས་བརྗོད་ཀྱི་ཡོད། གང་ལྟར་རྒྱ་ནག་གཞུང་གིས་བལ་ཡུལ་གྱི་ས་གཞི་བཙན་བཟུང་བྱེད་ཡོད་མིན་ཐད་ད་ལྟ་ཁ་གསལ་མེད་སྟབས་ཞིབ་འཇུག་ངེས་པར་དུ་བྱེད་དགོས་པ་འགྲེལ་བརྗོད་གནང་སོང་།

ཡང་རྒྱ་གར་གྱི་དམག་སྤྱི་ཟུར་པ་དྷོ་རུབ་ཀ་ཅོཊ་ལགས་ཀྱིས་རྒྱ་ནག་གི་ཕྱོགས་ནས་རྒྱ་གར་གྱི་དཀྲོག་གཏམ་སྤེལ་གྱི་ཡོད་རེད་ཟེར་བའི་ཚབ་ཏུ་ས་མཚམས་སུ་ཞི་འཇམས་དགོས་ཀྱི་ཡོད་ན་ཕྱི་ལ་བསྡད་དགོས་ཀྱི་རེད། རྒྱ་ནག་གིས་བོད་དེ་བཙན་བཟུང་བྱས་ཡོད་པ་རེད་གལ་སྲིད་རྒྱ་ནག་གིས་བོད་ནས་ཕྱིར་ཐོན་པ་ཡིན་ན་ཨེ་ཤེ་ཡ་ཁྱོན་ཡོངས་ནང་ཞི་བདེ་ཡོང་གི་རེད།

རྒྱ་ནག་གི་གྲོང་གསེབ་ཆུང་ཆུང་དེ་འདྲ་དབང་དུ་བསྡུད་པས་འདོད་བློ་ཁེངས་ཀྱི་མ་རེད། བོད་བཙན་བཟུང་བྱས་པ་རེད། དེ་ནས་བལ་ཡུལ་དང་། འབྲུག་བཙན་བཟུང་བྱས་ནས་དབང་ཆ་རྒྱ་སྐྱེད་ཀྱི་སྲིད་བྱུས་བཟུང་བཞིན་ཡོད་པ་རེད། དེ་ནི་ཧ་ཅང་ཉེན་ཚབས་ཆེན་པོ་ཡིན་སྟབས་འཛམ་གླིང་གི་རྒྱལ་ཁབ་ཚོས་དོ་སྣང་བྱེད་དགོས་པའི་གནད་དོན་གལ་ཆེན་པོ་ཞིག་རེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་བོད་མི་འཐབ་རྒོལ་བ་ཚོར་སྦྱོང་བརྡར་སྤྲད་པའི་གནས་ཚུལ་གསར་པ་ཁག་ཅིག་ཤེས་རྟོགས་བྱུང་བ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་རྔ་བ་ཀིརྟི་དགོན་པ་ནས་གཞུང་གཉེར་སློབ་གྲྭར་བཅུག་པའི་སློབ་ཕྲུག་ཚོ་ཕྱིར་འགྲོ་སྐྱོད་མི་ཆོག་པ་སོགས་བཙོན་པ་ལྟ་བུ་བྱས་ཏེ་སློབ་གྲྭའི་ནང་བཅུག་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎