རྒྱ་ནག་གིས་གཞུང་དང་ལྟ་བ་མི་མཐུན་པའི་ཁྲིམས་རྩོད་པ་ཞིག་ལ་ཉེས་འཛུགས་བྱས་འདུག


2018-01-29
Share
རྒྱ་ནག་ནང་གི་རྒྱ་རིགས་ཁྲིམས་རྩོད་པ་(Yu Wensheng) རྒྱ་ནག་ནང་གི་རྒྱ་རིགས་ཁྲིམས་རྩོད་པ་(Yu Wensheng)
Yu wensheng

རྒྱ་ནག་ནང་ཁྲིམས་ལུགས་འཐབ་རྩོད་པ་ཡོངས་གྲགས་ཅན་ཞིག་སྲིད་གཞུང་ལ་གྱེན་ལོག་གི་ལས་འགུལ་སྤེལ་བའི་ཉེས་འཛུགས་བྱས་ཡོད་འདུག
དེ་ཡང་རེས་གཟའ་སྤེན་པའི་ཉིན་ཉེན་སྲུང་མི་སྣས་ཁྲིམས་ལུགས་འཐབ་རྩོད་པ་ཡུ་ཝན་ཧྲེང་(Yu Wensheng)་གིས་རྒྱ་ནག་དང་དམངས་གཙོ་བཅོས་སྒྱུར་དགོས་པའི་ཞུ་གཏུག་གི་ལས་འགུལ་སོགས་རྒྱལ་ཁྱབ་མགོ་རྟིང་སློག་རྒྱུའི་ལས་འགུལ་སྤེལ་བའི་ཉེས་འཛུགས་བྱས་དོན་དོ་བདག་གི་བཟའ་ཟླར་བརྡ་ལན་སྤྲད་ལུགས་ཁོང་གི་ཁྲིམས་རྩོད་པ་ཧུའང་ ཧན་ཀྲོང་(Huang Hanzhong) གིས་རེས་གཟའ་ཟླ་བའི་ཉིན་འགྲེལ་བརྗོད་བྱས་འདུག
ཁྲིམས་རྩོད་པ་ ཧུ་ ཝན་ཧྲེང་གིས་རྒྱ་ནག་གི་རྩ་ཁྲིམས་བསྐྱར་བཅོས་ཀྱིས་མང་ཚོགས་ནས་སྲིད་འཛིན་ཐད་ཀར་འདེམས་རྒྱུའི་ལམ་སྲོལ་དགོས་པའི་ཞུ་ཡིག་དྲྭ་རྒྱའི་ཐོག་སྤེལ་བའི་གནས་ཚུལ་ཤེས་པའི་རྗེས་སུ་གཞུང་གིས་དོ་བདག་ཟླ་བ་འདིའི་མགོ་སྟོད་དུ་ལོ་༡༣ལ་སླེབས་པའི་ཕྲུ་གུ་སློབ་གྲར་སྐྱེལ་བར་འགྲོ་བའི་སྐབས་འཛིན་བཟུང་བྱས་ཡོད་འདུག
ཁྲིམས་རྩོད་པ་ཧུ་ཝན་ཧྲེང་གི་ཞུ་ཡིག་ནང་། རྒྱ་ནག་གི་སྲིད་འཛིན་མིང་དོན་མཚུངས་པའི་འོས་བསྡུའི་ལམ་ནས་ཡོང་སྲོལ་མེད་སྟབས་རྒྱལ་ཁབ་དང་སྤྱི་ཚོཌ་དེ་བཞིན་འཛམ་གླིང་ཐོག་ཚད་ལྡན་གྱི་དབུ་ཁྲིད་ཆགས་ཀྱི་མེད་པ་རེད་ཅེས་སྐྱོན་བརྗོད་གནང་ཡོད་འདུག ཁོང་གི་ཁྲིམས་རྩོད་པ་ ཧུའང་(Huang) གིས་ཁྲིམས་རྩོད་པ་ ཡུ་(Yu) ཡི་བཟའ་ཟླ་ཞུ་ཡན་(XuYan)ཡང་རེས་གཟའ་སྤེན་པའི་འཛིན་བཟུང་གིས་པེ་ཅིང་གི་ ཧྲི་ཇིང་ཧྲན་(Shijingsha)ཉེན་སྲུང་ལས་ཁུངས་ནང་བཀག་ཉར་བྱས་ཀྱང་རེས་གཟའ་ཉི་མའི་ཉིན་གློད་བཀྲོལ་བྱས་ཡོད་འདུག དེའི་བར་ལ་ཉེན་སྲུང་མི་སྣས་དོ་བདག་གི་ནང་སྔོག་བཤེར་གྱིས་རྩིས་འཁོར་དང་ཁ་པར་ཡིག་ཆ་སོགས་གཞུང་བཞེས་བཏང་ཡོད་འདུག

གསར་འགོད་པ་ཀརྨ་རྒྱ་མཚོ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།