ཡི་ཤུའི་ཆོས་དཔོན་དགོངས་རྫོཌ་ལ་༧གོང་ས་མཆོག་གི་གསུང་འཕྲིན།

དགུང་གྲངས་༩༠ ཕེབས་པའི་ཐེ་ཝན་གྱི་ཡི་ཤུའི་རྣམ་དག་ཆོས་ལུགས་ཀྱི་ཆོས་དཔོན་ཧྲན་གོ་ཞི་མཆོག ཁ་སང་དགོངས་རྫོགས་ཀྱི་ཡིད་སྐྱོའི་གནས་ཚུལ་ཐོན་པར་༸གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག

2012.08.23

༄༅།    །འདི་རིང་ཕྱི་ཚེས་༢༣ཉིན་ དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན།    ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་དེ་བཞིན་ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་བརྒྱུད་སྩལ་ཡོད་པ་དང་།    སྐུ་ཚབ་དོན་གཅོད་ཀྱིས་གཙོས་དྲུང་ཆེ་བསོད་ནམས་རྡོ་རྗེ་ལགས་དང་། ཆོས་དགེ་དགེ་བཤེས་འཇམ་དཔལ་ཆོས་འཛིན་ལགས་བཅས་ལྷན་དུ་ཐའེ་པེར་རྟེན་གཞི་བྱས་པའི་ཡི་ཤུའི་རྣམ་དག་ (Catholic Church) མཆོད་ཁང་ཆེན་མོར་བཅར་ནས་དབུ་འཛིན་ཆོས་བདག་ཧུང་ཧྲན་ཁྲོན་ལགས་མཇལ་འཕྲད་ཞུས་ཏེ་༸གོང་ས་མཆོག་གི་ཐུགས་གསོའི་གསུང་འཕྲིན་འབུལ་ལམ་ཞུས་ཡོད་པ་རེད།
ཧྲན་གོ་ཞི་མཆོག་ནི་ཐེ་ཝན་ནང་ ཡི་ཤུའི་རྣམ་དག་ཆོས་ལུགས་ཀྱི་ཆོས་དཔོན་གྱི་གདན་ཐོབ་ཡོད་པ་གཅིག་པུ་དེ་ཡིན་པ་དང་་ཕྱི་ལོ་ ༢༠༠༩ ལོར་༧གོང་ས་མཆོག་ཐེ་ཝན་དུ་ཆིབས་སྒྱུར་ཐེངས་གསུམ་པའི་སྐབས་ཆོས་དཔོན་དམ་པ་མཆོག་དང་མཇལ་འཕྲད་ཀྱིས་དབུ་ཁྲིད་རྣམ་གཉིས་མཇལ་མོལ་མཛད་མྱོང་ཡོད་པ་རེད།  སྐབས་དེར་རྒྱ་ནག་གཞུང་དང་ཐེ་ཝན་གྱི་རྒྱའི་བླ་ཆེན་རེ་ཟུང་ནས་མཇལ་མོལ་ཕྱིར་འཐེན་ཡོང་ཐབས་བྱས་ཡོད་ཀྱང་། ཆོས་དཔོན་དམ་པ་མཆོག་གིས་གནོན་ཤུགས་དེ་དག་ལ་གདོང་ལེན་མཐར་ཕྱིན་གནང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་སྲིད་འཛིན་ ༤༧ པ་ཌོ་ནལཌི་ཊམཔ་མཆོག་གིས་གཞུང་འཛིན་གྱི་འགན་འཁུར་བཞེས་པའི་སྐབས་འདིར། ཨ་མི་རི་ཀས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་མང་གིས་ཐུགས་རེ་གནང་བཞིན་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མི་བཞི་ལ་དབྱིན་ཇིའི་རྒྱལ་པོ་Charles III ཡི་ཁྲི་འདོན་གྱི་རྟགས་མ་དང་ཕྱག་ཁྱེར་ཐོབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎