རྔ་བར་ཉིན་བཅུ་བཞིའི་རིང་ཟ་ཁང་དང་ཚོང་ཁང་སྒོ་བརྒྱབ་དགོས།


2020.02.01
བོད་ནང་གཞོན་སྐྱེས་ཞིག་གིས་རིན་མེད་ཁ་རས་དཀྲམ་བཞིན་པ། ༢༠༢༠།༡།༢༩ བོད་ནང་གཞོན་སྐྱེས་ཞིག་གིས་རིན་མེད་ཁ་རས་དཀྲམ་བཞིན་པ། ༢༠༢༠།༡།༢༩
བོད་འབྱོར།

བོད་ནང་གི་མཛོད་དགེ་བྱམས་མེའི་བོད་མི་གསུམ་ལ་ཏོག་དབྱིབས་ནད་དུག་གི་དོགས་གཞིའི་ཐོག་ནས་བརྟག་དཔྱད་རྒྱུན་མར་བྱེད་བཞིན་པ་དང་།རྔ་བ་རང་སྐྱོང་ས་ཁུལ་དུ་ཉི་མ་བཅུ་བཞིའི་རིང་ཟ་ཁང་དང་ཚོང་ཁང་སོགས་སྒོ་བརྒྱབ་དགོས་ཀྱི་གསལ་བསྒྲགས་སྤེལ་ཡོད་པ།

མདོ་སྨད་རྔ་བ་བོད་རིགས་རང་སྐྱོང་ས་ཁུལ་གྱི་མཛོད་དགེ་རྫོང་གི་བྱམས་མེའི་འབྲོག་ས་རུ།                ཉེ་ལམ་བོད་མི་བཞི་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཕྱིར་ཕ་ཡུལ་དུ་ལོག་ཡོད་པ་དང་འབྲེལ།དེའི་ནང་ནས་བོད་མི་གསུམ་ལ་ཏོག་དབྱིབས་ནད་འབུའི་དོགས་གཞི་བྱས་ནས་གཞུང་གི་སྨན་ཁང་དུ་ཉི་མ་རེ་རེ་བཞིན་བརྟག་དཔྱད་རྒྱུན་མར་གནང་གི་ཡོད་པ་བོད་ནང་གི་མཛོད་དགེ་ཕྱོགས་ཀྱི་སྐད་འཕྲིན་ཚོགས་པ་ཞིག་ཏུ་གསལ་འདུག

ཉེ་ལམ་མདོ་སྨད་རྔ་བ་བོད་རིགས་རང་སྐྱོང་ས་ཁུལ་དུ་ཝུ་ཧན་ནས་ཡོང་བའི་རྒྱ་མི་རིགས་ཤིག་ལ་ནད་ཚ་དེ་ཡོད་པ་དངོས་སུ་ར་འཕྲོད་ཡོད་པས།        རྔ་བ་རང་སྐྱོང་ས་ཁུལ་གྱི་རྫོང་ཁག་བཅུ་གསུམ་གྱི་ནང་དུ། ཉི་མ་བཅུ་བཞིའི་རིང་ཚོང་ཁང་དང་ཟ་ཁང་ཡོངས་རྫོགས་སྒོ་བརྒྱབ་དགོས་པ་རྒྱ་ནག་གཞུང་གིས་ཛ་དྲག་གི་བཀའ་བཏང་ཡོད་སྐོར་བོད་ནང་གི་ས་གནས་བོད་མི་ཞིག་གིས་འགྲེལ་བརྗོད་གནང་འདུག

གཞན་ཡང་བོད་ནང་གི་དྲ་ལམ་ཁག་ཏུ་ཁྱབ་པའི་བརྙན་ཐུང་ཞིག་གི་ནང་།རྔ་བ་རང་སྐྱོང་ས་ཁུལ་དུ་བོད་མི་ཚོ་གནས་སྐབས་རིང་ཕྱི་ལ་མི་འཐོན་པར་རང་རང་སོ་སོའི་ཁྱིམ་ནང་སྡོད་དགོས་པའི་གསལ་བསྒྲགས་གནང་འདུག

དེའི་ཁོངས་སུ་དགོན་སྡེ་ཁག་གི་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་གཉེན་སྟོན་སོགས་མི་མང་འདུ་འཛོམས་རིགས་ཐམས་ཅད་སྒོ་བརྒྱབས་ཡོད་ཁར། ས་གནས་ཕར་ཚུར་ལ་རྩ་བ་ནས་འགྲུལ་བསྐྱོད་མི་ཐུབ་པའི་བཀག་བསྡོམས་ཀྱང་བྱས་ཡོད་པ་རེད།

བོད་མི་འདུས་སྡོད་ཀྱི་ས་ཁུལ་ཁག་ལས་བོད་རང་སྐྱོང་ལྗོངས་སུ་ཏོག་དབྱིབས་འགོས་ནད་ཅན་གཅིག་དང་།སི་ཁྲོན་ཞིང་ཆེན་གྱི་ནང་༢༠༧།མཚོ་སྔོན་ཞིང་ཆེན་གྱི་ནང་ནད་པ་བརྒྱད་དང་།ཀན་སུའུ་ཞིང་ཆེན་གྱི་ནང་༣༥དང་ཡུན་ནན་ཞིང་ཆེན་གྱི་ནང་༨༣བཅས་ཐོན་ཡོད་པ་མ་ཟད།བོད་རང་གི་ས་ཐོག་ནས་རྔ་བ་རང་སྐྱོང་ས་ཁུལ་དུ་ནད་པ་གཅིག་དང་དཀར་མཛེས་རང་སྐྱོང་ས་ཁུལ་དུ་ནད་པ་༥།ལྷ་སའི་ནང་ནད་པ་གཅིག་བཅས་ཐོན་ཡོད་པ་དང་།ན་ཚ་དེས་རྒྱ་ནག་རྒྱལ་ཡོངས་སུ་མི་གྲངས་༢༥༩འདས་གྲོངས་དང་།མི་གྲངས་༡༡༩༠༠བརྒལ་བར་འགོས་ཁྱབ་སོང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་མཆོག་འདི་ཚེས་༢༢ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་མཛད་ཀྱི་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ཀར་ཎ་ཀྲ་ཀ་མངའ་སྡེའི་རྫོང་ཁག་གི་བློན་ཆེན་ལ་རྒྱ་གར་དབུས་སའི་གཞུང་ནས་བོད་མིར་རྒྱབ་སྐྱོར་མཐུན་གྲོགས་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎