༧གོང་ས་མཆོག་གི་སྐུ་གཟུགས་གསལ་ཐང་ཡིན་འདུག

2014-07-21
གློག་འཕྲིན།
མཆན།
Share
པར་བཀོད།
༸གོང་ས་མཆོག་ནས་ཡོ་རོབ་རྒྱལ་ཁབ་ཁག་ནང་གི་མཛད་འཆར་ལེགས་པར་གྲུབ་གནང་སྟེ་བཞུགས་སྒར་དུ་ཞབས་སོར་འཁོར་གནང་སྐབས་ཀྱི་སྐུ་པར།
༸གོང་ས་མཆོག་ནས་ཡོ་རོབ་རྒྱལ་ཁབ་ཁག་ནང་གི་མཛད་འཆར་ལེགས་པར་གྲུབ་གནང་སྟེ་བཞུགས་སྒར་དུ་ཞབས་སོར་འཁོར་གནང་སྐབས་ཀྱི་སྐུ་པར།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། འཇིགས་མེད་སྙན་གྲགས།

རྒྱ་གར་གྱི་གསར་ལམ་ཆུང་ཁག་གཅིག་གིས་༧གོང་ས་མཆོག་བར་ལམ་སྐུ་གཟུགས་བདེ་མིན་གྱི་གནས་ཚུལ་སྤེལ་བ་ནི་དཀྲོག་གཏམ་རང་རེད་ཟེར།
དེ་ཡང་རྒྱ་གར་གྱི་གསར་ལམ་ཁག་གཅིག་གིས་༧གོང་ས་མཆོག་བར་ལམ་སྐུ་གཟུགས་བདེ་མིན་གྱི་གནས་ཚུལ་བྱུང་ནས་ལྡི་ལིར་སྨན་ཁང་ལ་ཕེབས་ཡོད་པ་སོགས་ཀྱི་གནས་ཚུལ་སྤེལ་ཡོད་ཀྱང་། དེའི་ཐད་སྐུ་སྒེར་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱིས་གསུངས་དོན། རྩ་བའི་བརྒྱུད་ལམ་མང་པོ་ཡོད་ཀྱང་གནས་ཚུལ་དེ་དཀྲོག་གཏམ་ལ་དགའ་བ་དང་། ཆ་འཇོག་མེད་པའི་གསར་ལམ་ཆུང་ཁག་གཅིག་གིས་གནས་ཚུལ་དེ་འདྲ་སྤེལ་བ་འདྲ།  ཡིན་ཡང་༧གོང་ས་མཆོག་སྐུ་ཁམས་གསལ་ཐང་རེད། ལ་དྭགས་སུ་དུས་དབང་གྲུབ་མཚམས་ཚེས༡༧ཉིན་ལྡི་ལིར་ཕེབས་ནས་ཉིན་ཤས་རིང་རྒྱ་གར་གྱི་མཐོ་རིམ་དཔོན་རིགས་དང་གནད་ཡོད་མི་སྣ་དང་མཇལ་འཕྲད་གནང་བ་སོགས་ཀྱི་མཛད་འཆར་བསྐྱངས་ཡོད། སྨན་ཁང་སོགས་ལ་ཕེབས་མེད་དེ་དཀྲོག་གཏམ་རེད་ཅེས་དང་། དེར་བརྟེན་བརྒྱུད་ལམ་ཁག་བརྒྱུད་ནས་ཚང་མ་ཐུགས་བློ་བདེ་བོ་གནང་རོགས་ཅེས་གསུངས་ཡོད།
དེ་ལྟར་༧གོང་ས་མཆོག་གིས་ལ་དྭགས་ཁུལ་གྱི་མཛད་འཕྲིན་ལེགས་པར་གྲུབ་ཏེ་སྤྱི་ཚེས་༢༡ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་ག་གྷལ་གནམ་ཐང་ལ་ཞབས་སོར་འཁོད་སྐབས་བོད་མིའི་སྒྲིག་འཛུཊ་ཀྱི་མཛད་གཙོ་རྣམ་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོཌ་པ་ཁག་གི་སྐུ་ཚབ་བཅས་ཀྱི་ཕེབས་བསུ་ཟབ་རྒྱས་ཞུས་འདུག
ཟླ་རྗེས་མར་༧གོང་ས་མཆོག་འཇར་མན་ནང་ཆིབས་བསྒྱུར་གནང་སྟེ། ཚེས་༢༣ ནས་༢༦ བར་ཧན་བྷེག་གྲོང་ཁྱེར་དུ་ང་ཚོའི་མི་ཚེ་ནང་གི་འགྲོ་བ་མིའི་རིན་ཐང་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་དང་། མི་མང་ལ་གསུངས་ཆོས་གནང་རྒྱུ་ཡིན་འདུག

འབྲེལ་ཡོད་གནས་ཚུལ་འདི་གའི་གསར་འགོད་པ་བློ་བྷེ་ཡིས་བཏང་བར་གསན་རོགས༎

 

གསར་འགོད་པ་བློ་བྷེ།

མཆན། (0)
Share
དྲ་གནས་ཆ་ཚང༌།