ཚན་རིག་གི་རྙེད་དོན་ཞིབ་ཚགས་པོར་དོ་སྣང་མང་ཙམ་གནང་གི་རེད། ༧གོང་ས་མཆོག་གིས།

2019-11-01
གློག་འཕྲིན།
མཆན།
Share
པར་བཀོད།
རྡ་སར་༧གོང་ས་མཆོག་དབུ་བཞུགས་ཀྱིས་སེམས་དང་སྲོག་གི་བགྲོ་གླེང་ཐེངས་སོ་བཞི་པ། 2019/11/1
རྡ་སར་༧གོང་ས་མཆོག་དབུ་བཞུགས་ཀྱིས་སེམས་དང་སྲོག་གི་བགྲོ་གླེང་ཐེངས་སོ་བཞི་པ། 2019/11/1
OHHDL

རྒྱ་གར་རྡ་རམ་སཱ་ལའི་རྒྱལ་བའི་ཕོ་བྲང་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱི་སེམས་དང་སྲོག་གི་བགྲོ་གླེང་ཚོགས་འདུ་ཐེངས་༣༤་པ་མཇུག་སྒྲིལ་འདུག
རྒྱ་གར་རྡ་རམ་སཱ་ལའི་རྒྱལ་བའི་ཕོ་བྲང་དུ། སྤྱི་ཟླ་༡༠་པའི་ཚེས་༣༠་དང་སྤྱི་ཟླ་༡༡་པའི་ཚེས་༡་བཅས་ཉིན་མ་གཉིས་རིང་། ནུབ་ཕྱོགས་ཚན་རིག་པ་དང་ནང་བའི་དབར་དགོངས་ཚུལ་བརྗེ་རེས་ཀྱི་ལྷན་ཚོགས། སེམས་དང་སྲོག་གི་བགྲོ་གླེང་ཚོགས་འདུ་ཐེངས་༣༤་པ་དེ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་གནང་ཡོད་པར། ་ཟླ་༡༡་པའི་ཚེས་༡་ཉིན། སྤྱི་ཚོགས་ཚན་རིག་པ་དང་སེམས་ནད་གསོ་བཅོས་ཀྱི་ཉམས་ཞིབ་པ་གྲགས་ཅན། ལྷོ་ཨ་ཧྥི་རི་ཀའི་བུད་མེད་(Pumla Gobodo Madikizela)་མཆོག་དང་། ༧གོང་ས་མཆོག་གི་བར། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དང་། འཁོན་འཛིན་བཞག་སྟེ་བཟོད་པའི་ལམ་ནས་འདུམ་འགྲིག་ཡོང་ཐབས་ཐད་གླེང་མོལ་གནང་སྐབས། ཁོང་མོས་ཁོང་ཚོའི་ཡུལ་དུ་ཨཱུ་བྷུན་ངྷོ་ཟེར་བའི་ལྟ་སྟངས་ཤིག་ཡོད་པ་དང་། ལྟ་སྟངས་དེའི་ཐོག་ནས་མི་རང་རྐྱ་བ་ཞིག་འཇོག་མི་ཐུབ་པར། སོ་སོ་མི་ཡིན་པའི་འདུ་ཤེས་ཙམ་དང་དེ་ཡང་མི་གཞན་ལ་ལྟོས་ནས་འཇོག་དགོས་པ་སོགས། མི་ཕན་ཚུན་ནི་ཁ་བྲལ་ཐབས་མེད་པ་ཞིག་ཆགས་ཡོད་པས། མི་ཕན་ཚུན་གྱི་བདེ་སྡུག་ཚུན་གཅིག་གིས་གཅིག་ལ་ལྟོས་བསྡད་པ་སོགས་ཀྱིས། ལྟ་སྟངས་དེ་ཁོང་ཚོའི་ཡུལ་གྱི་རྩ་ཁྲིམས་ནང་དུའང་བཅུག་ཡོད་པ་དང་། ལྷོ་ཨ་ཧྥི་རི་ཀའི་ཡུལ་དུ་རང་དབང་བྱུང་རྗེས། མི་རིགས་དཀར་ནག་གི་སྡུག་པོ་གཏོང་མཁན་དང་སྡུག་བསྔལ་མྱངས་མཁན་བར། ཕན་ཚུན་དགྲ་ཤ་ལེན་རྒྱུ་བཞག་སྟེ་འདུམ་འགྲིག་ཡོང་བར་ཕན་ཐོགས་བྱུང་ཡོད་པ་ངོ་སྤྲོད་གནང་གི་འདུག
༧གོང་ས་མཆོག་གིས་ང་ཚོར་སྡུག་བསྔལ་ཡོང་གཞིའི་རྩ་བ་ནི་རང་གཅེས་འཛིན་གྱི་བསམ་བློ་ལ་ཐུག་ཡོད་པ་དང་། བཟོད་པ་ཉམས་ལེན་གྱི་གོ་སྐབས་ཡག་ཤོས་ཕུལ་མཁན་ནི་སོ་སོ་ལ་གནོད་སྐྱེལ་མཁན་གྱི་དགྲ་ཡིན་པས། སོ་སོའི་གཉེན་ཉེ་དུ་ལ་བྱམས་བརྩེ་ཡོད་པ་ནི་ཆགས་སེམས་དང་འབྲེལ་ཏེ་རང་ཆས་སུ་ཡོང་གི་ཡོད་ནའང་། རང་གི་དགྲ་ཚུན་ལ་བྱམས་བརྩེ་ཡོང་བ་ནི་བློ་སྦྱོང་གི་ཉམས་ལེན་ཐོག་ནས་ཡོང་གི་ཡོད་པ་སོགས་ཕེབས་པ་དང་འབྲེལ། བཅོམ་ལྡན་འདས་ཀྱིས་གསུང་བའི་ལུང་ཙམ་ལ་མི་ཚོས་ཆ་འཇོག་ཡིད་ཆེས་ཀྱི་ངེས་པ་མེད་པས། ཚན་རིག་གི་རྙེད་དོན་ཞིབ་ཚགས་པོར་མི་ཚོས་ཡིད་ཆེས་མང་ཙམ་ཡོང་གི་རེད་ཅེས་བཀའ་གནང་སོང་།
ད་རེས་ཀྱི་སེམས་དང་སྲོག་གི་བགྲོ་གླེང་དེ་སྔོན་དང་མི་འདྲ་བར་གཏམ་བཤད་པ་ཉུང་ཉུང་དང་། ཚོགས་བཅར་སོགས་ཚང་མའི་ལྷན་དུ་བགྲོ་གླེང་དང་བསམ་ཚུལ་བརྗེ་ལེན་མང་བ་གནང་ཡོད་པ་རེད།  
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སེམས་དང་སྲོག་གི་བགྲོ་གླེང་ཐེངས་དང་པོ་དེ། ཕྱི་ལོ་༡༩༨༧་ལོར་བཞུགས་སྒར་རྡ་རམ་ས་ལར་བསྐོང་ཚོགས་གནང་ཞིང་། དེང་སྐབས་འཛམ་གླིང་ནང་གི་ཚན་རིག་པ་གྲགས་ཅན་མང་པོས་འདིའི་ནང་མཉམ་ཞུགས་དང་དོ་སྣང་ཇེ་ཆེར་འགྲོ་བཞིན་ཡོད་པ་མ་ཟད། ཐེངས་འདིའི་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐེངས་༣༤་འདིར་ཨ་མི་རི་ཀ་དང་། ཨི་ཏྲ་ལི། ལྷོ་ཨ་ཧྥི་རི་ཀ རྒྱ་གར་སོགས་ནས་གཏམ་བཤད་པ་བདུན་དང་། ཚན་རིག་པ་དང་སློབ་གསོ་རིག་པ་བཅས་དོན་གཉེར་ཅན་ལྔ་བཅུ་ལྷག་བཅར་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།