ལྡི་ལིའི་ཁོར་ཡུག་གནས་སྟངས་སྡུག་ཏུ་ཕྱིན་ཡོད་པ།

རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གི་ཁོར་ཡུག་གནས་སྟངས་སྡུག་ཏུ་འགྲོ་ཉེན་ཡོད་པའི་བློ་འཚབ་ཡོང་གི་ཡོད་པའི་གནས་ཚུལ་ཐོན་འདུག

2011-12-17
Share

༄༅༎རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གི་ཁོར་ཡུག་གནས་སྟངས་བཟང་དུ་གཏོང་ཆེད། འདས་པའི་ལོ་ཤས་ནས་བཟུང་ས་གནས་གཞུང་གིས་ལེགས་བཅོས་ཀྱི་ཐབས་ལམ་འགའ་ཤས་ལག་བསྟར་བྱེད་བཞིན་ཡོད་ཀྱང༌། གྲོང་ཁྱེར་དེའི་ཁོར་ཡུག་གནས་སྟངས་ལ་ཡར་རྒྱས་ཕྱིན་མེད་པ་མ་ཟད། ཕྱིན་ཆད་རིམ་པའི་གནས་སྟངས་སྡུག་ཏུ་འགྲོ་ཉེན་ཡོད་པའི་བློ་འཚབ་ཡོང་གི་ཡོད་པའི་གནས་ཚུལ་ཐོན་འདུག 
དེ་ཡང༌དེ་སྔ་ཡིན་ན། རྒྱ་གར་རྒྱལ་ས་ལྡི་ལིའི་ནང་ཁོར་ཡུག་ཤིན་ཏུ་བཙོག་པ་ཡོད་པ་གང་གཞིགས་ལ། ཕྱི་ལོ་ ༡༩༩༠ གོ་གྲངས་ནས་བཟུང་གྲོང་ཁྱེར་དེའི་སྤྱི་སྤྱོད་དང་འགྲུལ་བསྐྱེལ་མོ་ཀྲའི་ནང་རྡོ་སྣུམ་གྱི་ཚབ་ཏུ་ སོལ་རླང་བེད་སྤྱོད་གཏོང་འགོ་བཙུགས་པ་དང་། དེ་རྗེས་ གློག་ཤུགས་ལ་བརྟེན་པའི་རི་ལིའི་འགྲུལ་བསྐྱོད་མཐུན་རྐྱེན་འགོ་འཛུགས་བྱས་པ་སོགས་ཀྱིས་རྐྱེན་པས། ལོ་ཤས་རིང་གྲོང་ཁྱེར་དེའི་ཁོར་ཡུག་གནས་སྟངས་བཟང་དུ་ཕྱིན་པའི་རྣམ་པ་ཞིག་ཐོན་ཡོད་ཀྱང༌། ད་ཆ་མང་ཚོགས་ཀྱི་དཔལ་འབྱོར་གནས་སྟངས་ཡར་རྒྱས་ཆེན་པོ་ཕྱིན་ཏེ། སྒེར་པའི་མོ་ཀྲ་ཉོ་མཁན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པ་ལྟར། གྲོང་ཁྱེར་དེའི་ནང་ད་ལྟའི་ཆར་སྒེར་པའི་མོ་ཀྲང་ས་ཡ་དྲུག་ཙམ་ཡོད་མུས་ཡིན་པའི་ཐོག ཉིན་ལྟར་མོ་ཀྲ་གསར་པ་ཆིག་སྟོང་ཉི་བརྒྱ་ཙམ་ཁ་བསྣོན་ཡོང་གི་ཡོད་པའི་རྐྱེན་གྱིས། ཁོར་ཡུག་གི་གནས་སྟངས་བསྐྱར་དུ་སྡུག་ཏུ་ཕྱིན་ཏེ། ད་ཆ་གྲོང་ཁྱེར་དེ་རྒྱ་ནག་གི་རྒྱལ་ས་པི་ཅིང་དང༌། ཨི་ཇེབཌ་གྱི་རྒྱལ་ས་ཁའེ་རོའོ་བཅས་དང་གཅིག་མཚུངས་འཛམ་གླིང་གི་གྲོང་ཁྱེར་བཙོག་ཤོས་ཀྱི་གྲས་སུ་ཚུད་ཀྱི་ཡོད་པའི་འགྲེལ་བརྗོད་བྱས་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།