རྒྱ་དམག་གིས་བོད་མི་གྲ་པ་ཡིན་ཁུལ་རྫུན་བཟོ་བྱས་པ།

རྒྱ་མིའི་ཡུལ་དམག་ཉིས་བརྒྱ་ཙམ་ལ་གྲ་ཆས་གཡོག་ཏེ་བོད་རང་བཙན་གྱི་རྔམ་སྟོན་ངོ་རྒོལ་ལས་འགུལ་སྤེལ་མཁན་དགེ་འདུན་པ་ཡིན་ཁུལ་བྱས་འདུག

2008.07.29

༄༅༎འདི་གར་བོད་ནས་གནས་ཚུལ་གསར་དུ་ངོ་སྤྲོད་གནང་བ་ཞིག་ལ། རྒྱ་ནག་གཞུང་གིས་བོད་ཀྱི་སྟོད་མངའ་རིས་རུ་ཐོག་རྫོང་ལྕག་སྒང་ཆུས་ཟེར་བའི་ནང་གི་རྒྱ་མིའི་ཡུལ་དམག ༢༠༠ ཙམ་ལ་གྲ་ཆས་གཡོག་ཏེ་བོད་རང་བཙན་གྱི་རྔམ་སྟོན་ངོ་རྒོལ་ལས་འགུལ་སྤེལ་མཁན་དགེ་འདུན་པ་ཡིན་ཁུལ་བཟོས་ཏེ་ཁོང་ཚོར་བོད་རང་བཙན་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་ཕྱིར་ལོག་ཕེབས་དགོས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བརྟན་པ་ཤོག་ཟེར་སྐད་འབོད་བྱེད་དུ་བཅུག་པ་མ་ཟད། དགེ་འདུན་པ་རྫུན་མ་དེ་དག་གིས་རྒྱ་མིའི་དམག་མིར་རྡོ་གཞུས་པ་དང་རྒྱུགས་པ་ཞུ་རུ་བཅུག་པའི་སྐབས་རྒྱ་མིའི་དམག་མིས་ཕར་རྒོལ་མ་བྱས་པར་བཟོད་སྒོམ་བྱེད་མཁན་ཞིག་དང་དགེ་འདུན་པ་རྣམས་ཡ་ང་སྙིང་རྗེ་མེད་མཁན་ཞིག་ཡིན་པའི་རྣམ་པ་བཏོན་ཏུ་བཅུག་རྒྱུའི་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཀྱི་ཆེད་དུ་གཟུགས་མཐོང་བརྙན་འཕྲིན་རྫུས་མ་ཞིག་བཟོས་ཡོད་པ་རེད།

ས་གནས་ཀྱི་བོད་མི་མང་པོ་ཞིག་གིས་ད་རེས་རྒྱ་ནག་གཞུང་གིས་རྒྱ་མིའི་ཉེན་རྟོག་དམག་མིས་ངོ་རྒོལ་རྔམ་སྟོན་ངོ་རྒོལ་བྱེད་མཁན་གྱི་དགེ་འདུན་པའི་ཐོག་དྲག་གནོན་མི་བྱེད་པའི་དྲིལ་བསྒྲགས་ཀྱི་བརྙན་འཕྲིན་རྫུས་མ་བཟོས་པ་དེ་ནི་ཁ་སྔོན་ཕྱི་ཟླ་གསུམ་པའི་ཚེས་༡༠ བོད་མིའི་རང་དབང་སྒེར་ལངས་ཉིན་མོར་བཙན་བྱོལ་ནང་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་གོ་སྒྲིག་གནང་བའི་རྒྱ་གར་ནས་བད་བར་གྱི་གོམ་བགྲོས་ལས་འགུལ་སྤེལ་བ་དེར་ཁ་གཏད་ཀྱི་ཆེད་དུ་འཁྲབ་སྟོན་བྱས་པ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པའི་འགྲེལ་བརྗོད་གནང་གི་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎