རྒྱ་ནག་གཞུང་ནས་འབྲས་སྤུངས་དགོན་པ་བསྐྱར་དུ་སྒོ་མོ་ཕྱེ་བ།

འབྲས་སྤུངས་དགོན་པ་བསྐྱར་དུ་སྒོ་མོ་ཕྱེ་ཡོད་ཀྱང་དགེ་འདུན་པའི་ཐོག་མུ་མཐུད་དམ་བསྒྲགས་པའི་གནས་ཚུལ།

2008.08.29

༄༅༎ཕྱི་ཟླ་བརྒྱད་པའི་ཚེས་ཉེར་དགུ་རེས་གཟའ་པ་སངས་ཀྱི་ཉིན་ཨེ་པི་གསར་འགྱུར་བརྒྱུད་ལམ་ནས་གནས་ཚུལ་སྤེལ་བར་གཞིགས་ན་འདི་ལོ་ཕྱི་ཟླ་གསུམ་པའི་ནང་བོད་ནང་བོད་མིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་སྤེལ་བར་བརྟེན་རྒྱ་ནག་གཞུང་ནས་བོད་ནང་དམག་མི་འབོར་ཆེ་འགྲེམ་འཇོག་བྱས་པ་དང་དགོན་སྡེ་ཁག་སྒོ་བརྒྱབ་རྗེས་མི་མང་ཐོག་དམ་བསྒྲགས་བྱེད་བཞིན་ཡོད་ཅིང་། གཟའ་འཁོར་འདིའི་ནང་རྒྱ་ནག་གཞུང་ནས་བོད་ཀྱི་རྒྱལ་ས་ལྷ་སའི་ནུབ་ཕྱོགས་སུ་ཆགས་པའི་གདན་ས་གསུམ་གྱི་ཡ་གྱལ་འབྲས་སྤུངས་དགོན་པ་བསྐྱར་དུ་སྒོ་མོ་ཕྱེ་ཡོད་ཀྱང་དགོན་པའི་ནང་དམག་མི་མང་པོ་བཀྲམས་ཡོད་པར་བརྟེན་དགོན་པའི་ནང་ཆོས་མཇལ་དུ་ཕྱི་མི་གཏོང་གི་ཡོད་ཀྱང་དགེ་འདུན་པའི་ཐོག་མུ་མཐུད་དམ་བསྒྲགས་བྱེད་བཞིན་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎