ལྡོང་རྒྱུད་དོན་གྲུབ་རྒྱ་མཚོ་བཙོན་བཀྲོལ་དང་བོད་མིས་ཕེབས་བསུ།


2014.03.31
ལྡོང་རྒྱུད་དོན་གྲུབ་རྒྱ་མཚོ་ལགས་ཀྱི་པར་རྙིང་ཞིག ལྡོང་རྒྱུད་དོན་གྲུབ་རྒྱ་མཚོ་ལགས་ཀྱི་པར་རྙིང་ཞིག
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། བོད་འབྱོར།

བོད་ནང་གི་དུས་དེབ་སྐད་གྲགས་ཅན་བླ་སྲོག་དུས་དེབ་ཀྱི་རྩོམ་སྒྲིག་པ་ལྡོང་དོན་གྲུབ་རྒྱ་མཚོ་ལགས་བཙོན་བཀྲོལ་ཐོབ་པར་ས་གནས་བོད་མིས་ཕེབས་བསུ་བྱས་འདུག
དེ་ཡང་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་ནག་གི་འབྲེལ་ཡོད་ཚན་པས་འཇུ་བཟུང་གིས་མི་ལོ་༦གི་དུས་བཀག་ཁྲིམས་ཐག་བཅད་པའི་ལྡོང་རྒྱུད་དོན་གྲུབ་རྒྱ་མཚོ་ལགས་༢༠༡༤ཟླ༣ཚེས༢༨ཉིན་རྒྱ་ནག་གི་ལན་ཀྲོའུ་གྲོང་ཁྱེར་ནས་རྒྱང་ཐག་སྤྱི་ལེ་བརྒྱ་ལྷག་གི་མཚམས་སུ་ཡོད་པའི་ཏེན་ཞིས་བཙོན་ཁང་ནས་བཙོན་བཀྲོལ་བཏང་ཡོད་པ་དང་། སྐབས་དེར་ཁོང་གི་ནང་མི་ཉེ་འབྲེལ་དང་གྲོགས་པོ་ཁག་གཅིག་ཁོང་རྩིས་ལེན་ཆེད་བཅར་སྐབས་རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱིས་ལས་བྱེད་ཁག་ཅིག་གིས་ཁ་གྱའི་ཞང་བར་བསྐྱེལ་ཏེ་ཐོ་འགོད་བྱེད་དུ་བཅུག་ཡོད་པ་དང་། དེ་ནས་དགོན་པའི་དགེ་འདུན་པ་དང་ས་གནས་བོད་མི་ཚོས་ཕེབས་བསུའི་ཁྲོད་ནས་དགོན་པའི་རང་ཤག་ཏུ་ཕེབས་ཡོད་འདུག
ས་གནས་བོད་མི་ཞིག་གིས་བརྗོད་དོན། བླ་སྲོག་དུས་དེབ་ནི་ཆོལ་གསུམ་བོད་ཀྱི་སྐད་ཡིག་གཅིག་གྱུར་གཙོ་བའི་རྩོམ་རིག་དུས་དེབ་ཞིག་ཡིན་པ་དང་། དེའི་ནང་ཁྲིམས་འགལ་ཆབ་སྲིད་ཀྱི་ནང་དོན་གང་ཡང་མེད་མོད་རྒྱ་ནག་གིས་ཆབ་སྲིད་ཀྱི་མ་ཉེས་ཁ་གཡོག་བྱས་བ་རེད། ད་ལྟ་ཁོང་གི་སྐུ་གཟུགས་གནས་སྟངས་ཡང་ཡག་པོ་མི་འདུག་ཅེས་བརྗོད་བྱུང་།
བླ་སྲོག་དུས་དེབ་ནི་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཁ་གྱ་སྨད་དགོན་པའི་བླ་སྲོག་རྩོམ་སྒྲིག་ཁང་ནས་འདོན་སྤེལ་བྱེད་བཞིན་པ་དང་། རྒྱ་ནག་གི་འབྲེལ་ཡོད་ཚན་པས་དུས་དེབ་ཀྱི་ནང་དོན་ཆབ་སྲིད་དང་འབྲེལ་བ་ཡོད་པ་དང་། ལྷག་པར་༢༠༠༨ལོའི་ས་བྱི་ཞི་རྒོལ་ཆེན་མོའི་བོད་མིའི་ལས་འགུལ་དང་འབྲེལ་བ་ཡོད་ཚུལ་གྱིས་༢༠༠༨ལོའི་ཧོར་ཟླ་༢ཚེས༡༨ཉིན་འཛིན་བཟུང་བྱས་བ་དང་། དེ་ནས་ལོ་ངོ་གཅིག་ཙམ་གྱི་རིང་ཐག་གཅོད་གང་ཡང་མ་བྱས་བར་བཀག་ཉར་བྱས་རྗེས་༢༠༠༩ལོའི་ལོ་འགོར་རྒྱ་ནག་གི་འབྲེལ་ཡོད་ཁྲིམས་ཁང་ནས་ཁོང་ལ་མི་ལོ་༦གི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་ཡིན་པ་དང་། ལྡོང་རྒྱུད་དོན་གྲུབ་རྒྱ་མཚོ་ནི་ཀན་ལྷོ་བསང་ཆུ་རྫོང་ཁ་གྱ་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་དགོན་པའི་དགེ་འདུན་པ་ཡིན་པ་རེད།

བླ་སྲོག་དུས་དེབ་ཀྱི་མདུན་ཤོག
བླ་སྲོག་དུས་དེབ་ཀྱི་མདུན་ཤོག

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་བདམས་ཐོན་སྲིད་འཛིན་མཆོག་གིས་གྲོས་ཚོགས་འཐུས་མི་ཟུར་པ་(David Perdue)་ལགས་རྒྱ་ནག་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོར་བསྐོ་བཞག་མིང་འདོན་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎