རྒྱ་ནག་ལ་གོ་མཚོན་ཚོང་བསྒྱུར་མཚམས་འཇོག་གི་གྲོས་ཆོད་སྐོར།

ཡོ་རོབ་སྤྱི་མཐུན་གྱིས་རྒྱ་ནག་ལ་གོ་མཚོན་འཚོང་བསྒྱུར་བྱ་རྒྱུ་མཚམས་འཇོག་བྱ་རྒྱུའི་གྲོས་ཆོག་བཞག་པ་དེ་ད་ལོའི་ལོ་སྟོད་མཚམས་སུ་ཕྱིར་བསྡུ།

2010-12-30
Share

༄༅༎༡༩༨༩ལོར་པེ་ཅིང་གི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་ལ་རྒྱ་ནག་གི་སློབ་ཕྲུག་ཚོས་དམངས་གཙོའི་ལས་འགུལ་སྤེལ་སྐབས་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པའི་རྗེས་ཡོ་རོབ་སྤྱི་མཐུན་གྱིས་རྒྱ་ནག་ལ་གོ་ལག་མཚོན་ཆའི་རིགས་འཚོང་བསྒྱུར་བྱ་རྒྱུ་མཚམས་འཇོག་བྱ་རྒྱུའི་གྲོས་ཆོག་བཞག་པ་དེ་ད་ལོའི་ལོ་སྟོད་མཚམས་སུ་ཕྱིར་བསྡུ་བྱེད་སྲིད་པ་ཡིན་པ་རེད།

ཕེ་རན་སིའི་གསར་ཤོག་ལི་ཕི་ག་རོ་ཞེས་པར་སྦེལ་ཇིཡེམ་གྱི་གྲོང་ཁྱེར་སྦ་ར་སེལ་སི་ནས་གནས་ཚུལ་ཐོན་པར་གཞིགས་ན་ མིའི་སྲོག་ལ་ཉེན་ཁ་བཟོ་བའི་མཚོན་ཆའི་རིགས་སུ་གཏོགས་ཚད་རྒྱ་ནག་ལ་འཚོང་བསྒྱུར་བྱ་རྒྱུ་ད་ཕན་བཀག་འགོག་བྱས་པ་དེ་དག་གང་མགྱོགས་ཕྱིར་བསྡུ་བྱེད་སྲིད་པ་ཡིན་པ་ཡོ་རོབ་སྤྱི་མཚུན་གྱི་ཕྱི་འབྲེལ་ཆབ་སྲིད་འགན་འཛིན་ལྕམ་ཀེ་ཐི་རིན་ཨེཤི་ཀྲེན་གྱིས་ཕེ་རན་སིའི་གསར་ཤོག་ལི་ཕི་ག་རོ་ཞེས་པར་གསུང་ཡོད་ལུགས་ལྕམ་ཀེ་ཐི་རིན་ཨེཤི་ཀྲེན་དང་འབྲེལ་བ་ཉེ་པོ་ཡོད་པའི་མི་ཞིག་གིས་གནས་ཚུལ་བཤད་ཡོད་པ་རེད་ རྒྱ་ནག་ལ་གོ་ལག་མཚོན་ཆ་འཚོང་བསྒྱུར་བྱ་རྒྱུ་ད་བར་བཀག་འགོག་བྱས་པ་དེ་ནི་དེང་སྐབས་འཛམ་གླིང་ནང་གི་དཔལ་འབྱོར་གཞི་རྒྱ་ཆེ་ཤོས་གནས་རིམ་གཉིས་པར་སླེབས་པའི་རྒྱ་ནག་གི་གདོང་ལ་གྲམ་ལྕག་ཞུས་པ་ནང་བཞིན་རེད་ཅེས་དང་ ཡོ་རོབ་སྤྱི་མཐུན་གྱི་ཕྱོགས་ནས་རྒྱ་ནག་ལ་གོ་ལག་མཚོན་ཆ་འཚོང་རྒྱུ་བཀག་ནའང་རྒྱ་ནག་རང་གི་ངོས་ནས་ཧ་ཅང་གཞི་རྒྱ་ཆེ་བའི་འཆར་གཞིའི་འོག་མཚོན་ཆ་བཟོ་བཞིན་པར་བརྟེན་ ཡོ་རོབ་སྤྱི་མཐུན་གྱི་གྲོས་ཆོས་དེ་ནུས་མེད་ཆགས་པ་རེད་ཅེས་ཀྱང་གསུངས་ཡོད་ལུགས་གནས་ཚུལ་ནང་ཐོན་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།