ཡུ་རོབ་སྤྱི་མཐུན་གྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་སློང་།

2020-07-29
གློག་འཕྲིན།
མཆན།
Share
པར་བཀོད།
ཡུ་རོབ་སྤྱི་མཐུན་གྱི་སྐུ་ཚབ་ཚོས་རྒྱ་ནག་མཉམ་གྲོས་མོལ་གནང་བའི་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་སློང་གནང་གི་ཡོད་ལུགས་གསུངས་ཡོད་འདུག
ཡུ་རོབ་སྤྱི་མཐུན་གྱི་སྐུ་ཚབ་ཚོས་རྒྱ་ནག་མཉམ་གྲོས་མོལ་གནང་བའི་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་སློང་གནང་གི་ཡོད་ལུགས་གསུངས་ཡོད་འདུག
ཨི་ཡུ།

དེ་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་ཡན་ལག་ལས་ཁུངས་ནས་སྤྱི་བསྒྲགས་སྤེལ་བའི་ནང་གསལ་ལྟར་ན་། ཉེ་ཆར་ཡུ་རོབ་སྤྱི་མཐུན་གྱི་ཕྱི་འབྲེལ་ལས་དོན་ཚན་པའི་སྐུ་ཚབ་རྣམས་ལ་གྲོས་ཚོགས་འཐུས་མི་ཚོས་བོད་དང་འབྲེལ་བའི་གནད་དོན་ཁག་ཅིག་ཐོག་ཡིག་ཐོག་ནས་དྲི་བ་བཏོན་པའི་་ནང་། གྲོས་ཚོགས་འཐུས་མི་ Isabel Santos མཆོག་གིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དྲི་བ་དོན་ཚན་ཉི་ཤུ་རྩ་བཞི་འཁོད་པའི་ནང་ནས་། ལོ་འདིའི་ཕྱི་ཟླ་དང་པོའི་ནང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ནང་མི་རིགས་མཐུན་སྒྲིལ་ཟེར་བའི་སྒྲིག་གཞི་ཞིག་གསལ་བསྒྲགས་བྱས་ཡོད་པ་དེས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཚོའི་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་སོགས་ལ་དམ་དྲག་ཤུགས་ཆེ་རུ་གཏོང་ཐབས་དང་། རིམ་པས་བོད་འདི་བཞིན་རྒྱ་ནག་གི་ཡུལ་སྲོལ་གོམས་གཤིས་ཀྱི་ངོ་བོ་ལྡན་པ་ཞིག་ཏུ་འགྱུར་ཐབས་བྱེད་པའི་སྲིད་བྱུས་འཛིན་གྱི་ཡོད་ལུགས་བཀོད་ཡོད་པ་དེ་བཞིན་ལུང་འདྲེན་གནང་ཏེ་ཡུ་རོབ་སྤྱི་མཐུན་གྱི་ངོས་ནས་ག་རེ་གནང་རྩིས་ཡོད་དམ་ཞེས་བཀའ་འདྲི་ཞུས་པའི་བཀའ་ལན་དུ། ཡུ་རོབ་སྤྱི་མཐུན་གྱི་ཕྱི་འབྲེལ་ལས་དོན་ཚན་པའི་སྐུ་ཚབ་དང་།  སྤྱི་མཐུན་གྱི་ཚོགས་གཞོན་སྐུ་ཞབས་ Josep Borrell མཆོག་གིས་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་ང་ཚོ་བློ་ཚབས་ཡོད་ལ་རྒྱུན་དུ་ང་ཚོས་རྒྱ་ནག་དང་མཉམ་གྲོས་མོལ་གནང་བའི་སྐབས་སུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། ཕར་འགྲོ་ཚུར་འོང་གི་ཐོབ་ཐང་འདྲ་མཉམ་སྤྲོད་དགོས་པའི་གནད་དོན་སོགས་ཀྱི་ཐོག་གླེང་སློང་གནང་གི་ཡོད་ལ་ཉེ་ཆར་ཕྱི་ཟླ་དྲུག་པའི་ནང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་མཇལ་འཕྲད་སྐབས་སུའང་གླེང་སློང་གནང་ཡོད་ཅེས་བཀའ་ལན་གནང་ཡོད་འདུག དེ་དང་ཕྱོགས་མཚུངས་བལ་ཡུལ་ནང་གནས་སྡོད་བོད་མི་སྐྱབས་བཅོལ་བ་ཚོའི་གནས་སྟངས་ཐོག་ལའང་ཐུགས་ཚབས་དང་བཅས་གླེང་སློང་གནང་ཡོད་ལུགས་ཀྱང་གསུངས་ཡོད་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།