ཡུ་རོབ་སྤྱི་མཐུན་ཚོགས་པས་བོད་དོན་བསྒྲགས་གཏམ་སྤེལ་བ།

ཡུ་རོབ་སྤྱི་མཐུན་ཚོགས་པས་བོད་ནང་རང་ལུས་མེ་སྲེག་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་པ་དེར་ཧ་ཅང་བློ་ཕམ་ཡོད་བའི་བསྒྲགས་གཏམ་སྤེལ་ཡོད་པ།

2012.12.15

༄༅༎ཕྱི་ལོ་ ༢༠༡༢ ཟླ  ༡༢ ཚེས་ ༡༥ ཉིན། ཡུ་རོབ་སྤྱི་མཐུན་ཚོགས་པའི་བདེ་འཇགས་དང་ཕྱི་འབྲེལ་ལས་དོན་ཚན་པའི་ཆེས་མཐོའི་སྐུ་ཚབ་ལྕམ་སྐུ་ཨ་ཤི་ཊོན་གྱིས་བསྒྲགས་གཏམ་སྤེལ་ཏེ། བོད་མི་རང་ལུས་མེར་སྲེག་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་པ་དེར་ཡུ་རོབ་སྤྱི་མཐུན་ཚོགས་པར་ཧ་ཅང་བློ་ཕམ་ངང་། བོད་མི་ཚོས་རང་གི་མཐུན་མིན་ངོ་བོ་བདག་གཅེས་བྱ་རྒྱུའི་རང་དབང་ཐོག་་ རྒྱ་ནག་གཞུང་གིས་དམ་བསྒྲགས་བྱས་པར་བརྟེན། ས་ཁུལ་དེ་དག་ནང་རྒྱ་ནག་གཞུང་གི་སྲིད་བྱུས་ལ་མི་འདོད་པའི་རྣམ་པ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྟབས། ང་ཚོས་རྒྱ་ནག་ཆིག་སྒྲིལ་ལ་གུས་བརྩི་ཞུས་པའི་ཐོག་ནས། རྒྱ་ནག་གཞུང་གིས་བོད་མི་ཚོའི་དཀའ་ངལ་གྱི་རྒྱུ་རྐྱེན་གཙོ་བོ། བོད་མིའི་ཆོས་དང་རིག་གཞུང་ཆབ་སྲིད་དཔལ་འབྱོར་སོགས་ཀྱི་ཐོབ་ཐང་སྤྲོད་དགོས་པའི་རེ་འདུན་ཤུགས་ཆེ་འདོན་རྒྱུ་ཡིན་ཞེས་དང༌།
ཡོ་རོབ་མཉམ་འབྲེལ་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་ཟླ་༡༡་ཚེས་༢ཉིན་གྱི་བསྒྲགས་གཏམ་དེར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་དང་། ང་ཚོས་བོད་མི་ཚོས་རང་ལུས་མེར་སྲེག་གིས་མཚོན་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་རིགས་མ་སྤེལ་རོགས་ཞེས་འབོད་སྐུལ་ཞུས་པ་དང་སྦྲགས། ཡུ་རོབ་སྤྱི་མཐུན་ཚོགས་པའི་ངོས་ནས། བོད་རྒྱ་འབྲེལ་མོལ་དོན་སྙིང་ལྡན་པ་ཞིག་ཡོང་ཆེད་འབྲེལ་ཡོད་ཚང་མར་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བརྗོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་དབྱར་དུས་ལ་དྭགས་སུ་ཆིབས་བསྒྱུར་མཛད་རྒྱུ་ཡིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎