༄༅༎ལྷ་ས་ནས་རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་འགྱུར་ལས་ཁང་ནས་གནས་ཚུལ་སྤེལ་བར་ལྟར་ན་རྒྱལ་ས་ལྷ་སའི་ཉེ་འཁོར་དུ་ཆགས་པའི་འབྲས་སྤུངས་དང་སེར་ར།དགའ་ལྡན་བཅས་དགོན་པ་ཆེ་ཁག་གསུམ་གྱི་ནང་ཡོད་པའི་བོད་ཀྱི་ཆོས་རིག་དང་འབྲེལ་བའི་སྐུ་བརྙན་དང་ཕྱག་དཔེ་སོགས་སྲུང་སྐྱོབ་ཆེད་དགོན་པ་རེ་རེའི་ནང་དམིགས་བསལ་སྦྱོང་བརྡར་ཡོད་པའི་མི་གསོད་སྲུང་སྐྱོབ་ཀྱི་མི་སྣ་བཅུ་རེ་ཆེད་བཙུགས་བྱས་ཡོད་པ་མ་ཟད་མུ་མཐུད་ནས་དགོན་པ་གཞན་གྱི་ནང་དུའང་གཅིག་མཚུངས་མཐུན་འགྱུར་སྤྲོད་རྒྱུའི་འཆར་གཞི་ཡོད་ལུགས་བོད་ཀྱི་མེ་གསོད་ལས་དོན་ཚན་པའི་སྤྱི་ཁྱབ་ཁུང་སེས་འགྲེལ་བརྗོད་བྱས་ཡོད་པ་རེད།
རྒྱལ་ས་ལྷ་སའི་ནང་ད་བར་ཕོ་བྲང་པོ་ཏཱ་ལའི་ནང་མ་གཏོགས་མེ་གསོད་སྲུང་སྐྱོབ་ཚན་པའི་ལས་བྱེད་ཆེད་གཉེར་བྱས་མེད་པ་རེད།
ཡང་ཤིན་ཧ་གསར་འགྱུར་བརྒྱུད་ལམ་དེའི་ནང་མུ་མཐུད་ནས་བཀོད་པར་ལྟར་ན་འབྲས་སྤུངས་དགོན་པ་ནི་དེ་སྔ་ཕྱི་ལོ་༡༤༡༦ལོར་བཞེངས་པ་ཞིག་ཡིན་པ་དང་སེར་རའི་དགོན་པ་ཕྱི་ལོ་༡༤༡༩ལོ་དང་དགའ་ལྡན་དགོན་པ་ཕྱི་ལོ་༡༤༠༩བཅས་སུ་བཞེངས་ཡོད་འདུག
