བལ་ཡུལ་ནང་ཆུ་ལོག་དང་ས་རུད་ཀྱི་རྐྱེན་ངན་བྱུང་ཡོད་པ་རེད།

བལ་ཡུལ་ནང་ཆུ་ལོག་དང་ས་རུད་ཀྱི་རྐྱེན་ངན་ནང་ཡུལ་མི་དྲུག་ཅུ་རེ་བཞི་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་སྟོང་ཕྲག་མང་པོའི་ས་ཁང་རྡིབ་སྐྱོན་ཕྱིན་འདུག
2008-09-28
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎བལ་ཡུལ་གྱི་སྲིད་བློན་གཞོན་པ་དང་ནང་སྲིད་བློན་ཆེན་གཅིག་ལྕོག་སྦམ་རྡེལྦ་གོ་ཏམ་གྱིས་བལ་ཡུལ་ནུབ་ཕྱོགས་སུ་ད་ལམ་ཆུ་ལོག་དང་ས་རུད་ཀྱི་རྐྱེན་ངན་འཕྲད་པའི་ས་ཁུལ་ནང་གཟིགས་སྐོར་དུ་ཕེབས་ནས་མི་རྒྱུ་གཉིས་ལ་གོད་ཆགས་ཇི་བྱུང་ཞིབ་འཇུག་གནང་བའི་སྐབས་ཡུལ་མི་དྲུག་ཅི་རེ་བཞི་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་སྟོང་ཕྲག་མང་པོའི་ས་ཁང་རྡིབ་སྐྱོན་སོགས་ཀྱི་སྐོར་གྲོས་ཚོགས་ལ་སྙན་སེང་ཞུས་གནང་འདུག

དཀའ་ངལ་ནང་ཚུད་པའི་ས་ཁུལ་དེ་དག་ནི་ཀའེ་ལ་ལི་དང་ཀན་ཆམ་པུར། རྡ་རྡེལ་རྡུ་ར། སྦཇ་པུར། རྡོཏི། སལ་ཡན། སྦཇ་ཧང༌དང་རྡར་ཆུ་ལ་བཅས་ཡིན་འདུག བློན་ཆེན་གྱིས་ས་ཁུལ་ལ་ཛ་དྲག་གི་རོགས་དངུལ་བལ་སྒོར་ས་ཡ་བདུན་ཅུ་དོ་བདུན་དང་གྲངས་ཆུང་གསུམ་མམ་ཨ་རིའི་ཌོ་ལར་ས་ཡ་གཅིག་དང་ཕྱེད་ཙམ་གནང་ཡོད་འགྲེལ་བརྗོད་གནང་བ་དང་སྦྲགས་སྲིད་བློན་པུཤ་པ་ཀ་ལམ་རྡ་ཧལ་མཆོག་ཨ་མི་རི་ཀ་ནས་ཕྱིར་ཕེབས་རྗེས་སུ་རོགས་དངུལ་འཕར་མ་གནང་རྒྱུའི་ཁས་ལེན་གནང་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།