བོད་ཀོང་པོ་རྫ་ཡུལ་ཁུལ་ནགས་ཚལ་ལ་མེ་སྐྱོན།

བོད་ཀྱི་ཀོང་པོ་ཉིང་ཁྲིའི་རྫ་ཡུལ་ཁུལ་ནགས་ཚལ་ནང་མེ་སྐྱོན་ཤུགས་ཆེ་བྱུང་ཡོད་འདུག

༄༅༎དེ་ཡང་རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་འགྱུར་ལས་ཁང་ནས་ཁ་ས་གནས་ཚུལ་སྤེལ་བར་ལྟར་ན། རེས་གཟའ་མིག་དམར་ནས་བཟུང་ཀོང་པོ་ཉིང་ཁྲིའི་ཁོངས་རྫ་ཡུལ་ཁུལ་ཤིང་ནགས་ནང་མེ་སྐྱོན་ཤུགས་ཆེ་བྱུང་ཡོད་འདུག འོན་ཀྱང་རྫོང་སྡེའི་སྤྱི་ཁྱབ་གཞོན་པ་བཀྲིས་དོན་གྲུབ་ནས། རེས་གཟའ་མིག་དམར་ཉིན་རྒྱབ་ཙམ་ནས་མེ་སྐྱོན་བྱུང་མ་ཐག་མེ་གསོད་མཁན་ཆིག་སྟོང་ལྔ་བརྒྱ་ཙམ་ཆེད་བཏང་བྱས་ཡོད་པ་མ་ཟད་ད་ལྟའི་ཆར་ས་གནས་མི་མང་དང་། མེ་གསོད་རུ་ཁག་ཐུན་མོང་གི་ཐོག་ནས་མེ་གསོད་ཐུབ་ཡོད་ཅེས་འགྲེལ་བརྗོད་བྱས་འདུག
བོད་ཀྱི་ལྷོ་ནུབ་ཏུ་འཁེལ་བའི་ཀོང་པོ་ཉིང་ཁྲིའི་རྫ་ཡུལ་ས་གནས་འདི་བཞིན་རྒྱ་གར་དང་འབར་མའི་ས་འབྲེལ་དུ་འཁེལ་གྱི་ཡོད་པ་ཞིག་ཡིན་པ་དང་། སྤྱིར་བཏང་ཀོང་པོའི་མངའ་ཁུལ་འདི་བཞིན་ནགས་ཚལ་འཐུག་པོ་ཡོད་པ་ཞིག་ཡིན་དུས་ལོ་ལྟར་མེའི་ཉེན་ཁ་ཡོད་མུས་ཡིན་པ་རེད། ལྷག་པར་དུ་ད་ལྟའི་དུས་ཚོད་འདིར་གནམ་གཤིས་སྨུག་པ་དང་། ལྷགས་པ་ཤུགས་ཆེ་རྒྱབ་པ་སོགས་ཀྱིས་མེ་གསོད་རུ་ཁག་ལ་དམིགས་བསལ་མེ་གསོད་རྒྱུར་དཀའ་ངལ་འཕར་མ་འཕྲད་ཀྱི་ཡོད་འདུག