ཀྲོའུ་ཡོན་ཁང་གི་ལས་རོགས་ལས་གནས་ནས་ཕྱིར་བུད་བཏང་བའི་མ་ཚད་དམར་ཤོག་གུང་ཁྲན་ཚོགས་པ་ནས་ཀྱང་ཕྱིར་བུད་བཏང་ཡོད་འདུག
དེ་ཡང་ཚེས་༩ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་དོན། Guo Yongxiang གིས་རྒྱལ་ཁབ་ཀྱི་ཁྲིམས་དང་སྒྲིག་གཞིར་རྩིས་མེད་འགལ་འཛོལ་ཤུགས་ཆེ་བྱས་ཡོད་པའི་ཉེས་འཛུགས་དང་། ཁོ་པའི་ཐོག་སྔ་ལོ་ཕྱི་ཟླ་༦པ་ནས་ཞིབ་བཤེར་བྱེད་འགོ་ཚུགས་པ་བརྒྱུད། Guoཡིས་དེ་སྔོན་དབང་ཚད་བེད་སྤྱོད་ལོག་པ་བཏང་ནས་ཁེ་ཕན་ཆེན་པོ་བླངས་ཡོད་པ་མ་ཟད། རང་ཉིད་ཀྱི་བུ་བརྒྱུད་མི་མང་པོའི་ལག་ནས་དངུལ་དང་ལག་རྟགས་སོགས་ལྐོག་ཟ་ལྐོག་ལེན་མང་པོ་བྱས་པ་ར་འཕྲོད་བྱུང་ཡོད་སྐོར་འགྲེལ་བརྗོད་བྱས་པ་དངའབྲེལ། Guoཟི་ཁྲོན་གྱི་རྩོམ་བྲིས་སྒྱུ་རྩལ་བའི་ཚོགས་པའི་ཚོགས་གཙོ་ནས་ཕྱིར་བུད་བཏང་བ་དང་། དམར་ཤོག་གུང་ཁྲན་ཚོགས་པ་ནས་ཀྱང་ཕྱིར་བུད་བཏང་སོགས་འཁོད་འདུག
རྒྱ་ནག་གི་རྒྱལ་ཡོངས་བདེ་སྲུང་སྤྱི་ཁྱབ་ཟུར་པ་Zhou Yonkangགིས་༢༠༡༢ལོར་ཆབ་སྲིད་ལྷན་ཁང་གི་དབུས་རྒྱུན་ལས་ནས་རྒས་ཡོལ་མ་ཕྱིན་གོང་དབང་ཚད་ཆེན་པོ་ཆགས་ཡོད་པ་རེད། དེའི་གོང་༡༩༩༩ནས་༢༠༠༢བར་Zhou ཟི་ཁྲོན་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་སྤྱི་ཁྱབ་ཡིན་པའི་སྐབས་སུ་ལས་རོགས་Guo Yongxiang རྒྱ་ནག་ལྷོ་ནུབ་ཟི་ཁྲོན་ཞིང་ཆེན་གྱི་སྲིད་སྐྱོང་གཞོན་པ་ཟུར་པ་ཡིན་པ་དང། དེའི་གོང་ལོ་༢༦རིང་རྡོ་སྣུམ་བཟོ་གྲྭའི་འགན་འཛིན་གྱི་ལས་གནས་འགན་འཁུར་བྱས་ཡོད་པ་མ་ཚད། ༡༩༩༠འི་ནང་Zhou Yongkang གིས་རྒྱ་ནག་སོལ་རླངས་འབྱུང་ཁུངས་ལྷན་ཁང་གི་འགན་འཛིན་བྱེད་པའི་སྐབས་སུའང་Guoལས་རོགས་ཡིན་པ་རེད།
གསར་འགོད་པ་རིག་ལྡན་སྒྲོལ་མ།
