སྐད་ཡིག་སྲུང་སྐྱོབ་བྱས་བ་ནི་རྒྱ་ནག་གི་ཁྲིམས་དང་མཐུན་པ་ཡིན།


2017.01.27
བཞུཊ་སྒར་དུ་སྐད་ཡིག་སྲུང་སྐྱོབ་པ་བཀྲིས་དབང་ཕྱུག་ལགས་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་དགོས་པའི་ལས་འགུལ་སྤེལ་སྐབས། ༢༠༡༧།༡།༢༧ བཞུཊ་སྒར་དུ་སྐད་ཡིག་སྲུང་སྐྱོབ་པ་བཀྲིས་དབང་ཕྱུག་ལགས་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་དགོས་པའི་ལས་འགུལ་སྤེལ་སྐབས། ༢༠༡༧།༡།༢༧
འཇིགས་མེད་སྙན་གྲགས།/RFA

བཞུཊ་སྒར་གཙོས་ས་གནས་མང་པོར་སྐད་ཡིག་སྲུང་སྐྱོབ་པ་བཀྲིས་དབང་ཕྱུག་ལགས་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་དགོས་པའི་ལས་འགུལ་སྤེལ་འདུག
དེ་ཡང་བོད་ཀྱི་སྐད་ཡིག་བདག་སྐྱོང་ཆེད་རྒྱ་ནག་གཞུང་ལ་ཞུ་གཏུག་གནང་མཁན་མདོ་ཁམས་ཡུལ་ཤུལ་ཁུལ་གྱི་བཀྲ་ཤིས་དབང་ཕྱུག་ལ། རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་བཏང་བའི་ཉེས་འཛུགས་ཀྱིས་འཛིན་བཟུང་བཀག་ཉར་བྱས་ནས་ལོ་གཅིག་འཁོར་གྱིན་ཡོད་སྟབས། སྤྱི་ཚེས་༢༧་ཉིན། བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་བྱས་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བཞུགས་སྒར་རྡ་རམ་སཱ་ལ་གཙོས་འཛམ་གླིང་གི་རྒྱལ་ཁབ་ཁག་མང་པོར་མཚན་རྟགས་བསྡུ་རུབ་དང་ངོ་རྒོལ་སྐད་འབོད་སོགས་ཀྱི་ལས་འགུལ་སྤེལ་ནས། རྒྱ་ནག་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལགས་ཆ་རྐྱེན་ཅི་ཡང་མེད་པར་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་འདུག
རྡ་སར་ལས་འགུལ་དེ་གོ་སྒྲིག་གནང་མཁན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ས་གནས་འགན་འཛིན་བསྟན་འཛིན་ཚེ་ལྷ་ལགས་ཀྱིས། གལ་སྲིད་ང་ཚོས་ལས་འགུལ་ཆེན་པོ་ཞིག་སྤེལ་མ་ཐུབ་ན་བཀྲ་ཤིས་དབང་ཕྱུག་ལགས་ལ་ལོ་༡༥་ཁྲིམས་ཐག་གཅོད་མི་སྲིད་པ་མིན་ལ། སྤྱིར་ན་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་སྤེལ་བའི་སྐད་ཡིག་སྲུང་སྐྱོབ་གི་ལས་འགུལ་དེ་རྒྱ་ནག་གི་ཁྲིམས་ལུགས་དང་མཐུན་པ་ཞིག་ཡིན་ཡང་རྒྱ་ནག་གཞུང་གིས་མི་རིགས་ཁ་བྲལ་གྱི་ལུས་འགུལ་ཡིན་ལུགས་འཁྱོག་བཤད་ཉེས་འཛུགས་བྱས་པ་ལས། རྒྱ་ནག་གཞུང་གིས་རང་གི་ཁྲིམས་ལུགས་རང་གིས་རྩིས་མེད་དུ་གཏོང་གིན་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་། དེ་བཞིན་ཨ་རི་དང་ཁེ་ན་ཊ་སོགས་སུའང་ཉིན་འདིར་བོད་རང་དབང་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག་བོད་མི་སྐད་ཡིག་སྲུང་སྐྱོབ་མཁན་བཀྲ་ཤིས་དབང་ཕྱུག་ལགས་མྱུར་དུ་ཀློད་འགྲོལ་ཡོང་ཐབས་སུ་ལས་འགུལ་སྤེལ་གྱིན་པ་འགྲེལ་བརྗོད་གནང་འདུག
བོད་ཀྱི་སྐད་ཡིག་སྲུང་སྐྱོབ་མཁན་བཀྲ་ཤིས་དབང་ཕྱུག་ལགས་ནི་ལོ་ན་༣༡་ཡིན་པ་དང་། ཁོང་གིས་རྒྱ་ནག་དབུས་གཞུང་ལ་བོད་མི་ཚོར་བོད་ཀྱི་སྐད་དང་ཡི་གེ་སློབ་རྒྱུའི་ཐོབ་ཐང་དགོས་བ་དང་། བོད་ཁུལ་དུ་བོད་སྐད་བོད་ཡིག་སློབ་ཁྲིད་བྱེད་དགོས་པའི་སྙན་ཞུ་ཕུལ་པར་རྐྱེན་བྱས་ནས། ཡུལ་ཤུལ་ཁུལ་ཉེན་རྟོག་པས་༢༠༡༦་ཟླ་༡་ཚེས་༢༧་ཉིན་འཛིན་བཟུང་བྱས་ཡོད་པ་དང་། ལོ་དེའི་ཕྱི་ཟླ་༣་པའི་ནང་ཁྲིམས་དཔྱོད་མ་བརྒྱུད་པར་ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་ནག་ཉེས་འཛུགས་ཏེ། ལོ་༡༥་ཡི་ཁྲིམས་ཐག་གཅོད་རྒྱུ་ཡིན་ཚུལ་བསྒྲགས་ཡོད་པ་རེད།

གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་བདམས་ཐོན་སྲིད་འཛིན་མཆོག་གིས་གྲོས་ཚོགས་འཐུས་མི་ཟུར་པ་(David Perdue)་ལགས་རྒྱ་ནག་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོར་བསྐོ་བཞག་མིང་འདོན་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎