རྐང་ཚ་རྫོང་གི་རྡོ་སོལ་སྔོག་ཡུལ་གྱི་གཏེར་ཁུང་བརྡིབས་ནས་མི་༢༠་རྐྱེན་འདས་སུ་ཕྱིན་འདུག

2021-09-14
Share
རྐང་ཚ་རྫོང་གི་རྡོ་སོལ་སྔོག་ཡུལ་གྱི་གཏེར་ཁུང་བརྡིབས་ནས་མི་༢༠་རྐྱེན་འདས་སུ་ཕྱིན་འདུག མཚོ་སྔོན་རྐང་ཚ་རྫོང་གི་རྡོ་སོལ་སྔོག་ཡུལ།
Chinese State Media

མཚོ་སྔོན་རྐང་ཚ་རྫོང་གི་རྡོ་སོལ་སྔོག་ཡུལ་གྱི་གཏེར་ཁུང་བརྡིབས་ནས་མི་༢༠་རྐྱེན་འདས་སུ་ཕྱིན་འདུག
ཉེ་ལམ་མཚོ་སྔོན་ཞིང་ཆེན་རྐང་ཚ་རྫོང་གི་ཚེ་ཐར་རྡོ་སོལ་གཏེར་ཁ་སྔོག་ཡུལ་གྱི་གཏེར་ཁུང་བརྡིབས་པའི་དོན་རྐྱེན་ཁྲོད་མི་༢༠་རྐྱེན་འདས་སུ་ཕྱིན་ཡོད་པ་རྒྱ་ནག་གི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་ཡོད་ཀྱང་། ཟླ་བ་གཅིག་གི་རྗེས་སུ་སྤེལ་བའི་གནས་ཚུལ་ནང་གཏེར་ཁུང་བརྡིབས་པའི་རྒྱུ་རྐྱེན་དང་འདས་གྲོངས་སུ་སོང་བ་ཚོའི་མིང་སོགས་གནས་ཚུལ་ཁ་གསལ་མི་འདུག
གནས་ཚུལ་ནང་བཀོད་པ་ལྟར་ན། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་རྐང་ཚ་རྫོང་ཚེ་ཐར་རྡོ་གཏེར་ཁུལ་གྱི་དོན་རྐྱེན་དེ་ཟླ་སྔོན་མའི་ཚེས་༡༤་ཉིན་བྱུང་ཡོད་པ་དང་། གཏེར་ཁུང་བརྡིབས་པའི་འོག་ལ་ཤོར་བའི་མི་༡༩་ཚང་མ་འདས་གྲོངས་སུ་ཕྱིན་ཡོད་འདུག དོན་རྐྱེན་བྱུང་སྐབས་གཏེར་ཁུང་ནང་ལས་ཀ་བྱེད་མཁན་མི་གྲངས་༢༡་ཡོད་པ་ནས་གཅིག་བྲོས་ཐར་ཐུབ་པ་དང་། གཅིག་ཉིན་དེར་ས་གནས་རང་ནས་འདས་གྲོངས་སུ་ཕྱིན་ཡོད་འདུག
སྤྱིར་སྟངས་འདས་བའི་ལོ་མང་རིང་། རྒྱ་ནག་གཞུང་དང་འབྲེལ་ཡོད་ཁེ་ལས་ཚན་པ་མང་པོས་བོད་ཀྱི་ས་ཁུལ་གང་ས་ནས་གང་བྱུང་ཤིང་ནགས་གཅོད་འབྲེག་དང་། གཏེར་ཁ་སྔོག་འདོན་བྱས་དང་བྱེད་མུས་ཀྱི་གནས་སྟངས་ཁྲོད། བོད་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཐེབས་པ་དང་། ཆུ་བོ་འབོག་བཙོག་བཟོས་བ། ས་གནས་བོད་མི་ཚོར་ཕྱོགས་མང་པོ་ནས་དཀའ་ངལ་འཕྲད་པ་སོགས་ཀྱི་གནས་ཚུལ་ཡོད་པ་དང་། དཔེར་ན། མདོ་སྨད་ཐེམ་ཆེན་རྫོང་བོང་སྟག་མུ་རུའི་རྩྭ་ཐང་ནས་ཁྲིམས་འགལ་གྱིས་མི་ལོ་༡༤་ལྷག་གི་རིང་གཏེར་ཁ་སྔོག་འདོན་བྱས་བའི་གནས་སྟངས་ལ་ས་གནས་ཡུལ་མི་དང་ཕྱི་ཕྱོགས་ནས་སྐྱོན་བརྗོད་རབ་དང་རིམ་པར་བྱུང་རྗེས། ལོ་སྔོན་མར་འབྲེལ་ཡོད་གཏེར་འདོན་ཚན་པའི་འགོ་གཙོ་འཛིན་བཟུང་དང་དེ་དང་འབྲེལ་བ་ཡོད་པའི་ས་གནས་འགོ་ཁྲིད་ལྔ་གནས་དབྱུང་བཏང་ནས་ཞིབ་བཤེར་བྱེད་བཞིན་བྱས་ཡོད་པ་རེད།

གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།