དགེ་བཤེས་མ་ཚོས་མུ་མཐུད་བསྟན་པ་དང་འགྲོ་བའི་འཁུར་བཞེས་དགོས།

2020-02-15
གློག་འཕྲིན།
མཆན།
Share
པར་བཀོད།
དགེ་བཤེས་མའི་སྔགས་ཀྱི་རྒྱུགས་སྤྲོད་ཐེངས་དང་པོ་ཐོན་པའི་ཕྱག་འཁྱེར་འབུལ་བའི་མཛད་སྒོ། ༢༠༡༩།༢།༡
དགེ་བཤེས་མའི་སྔགས་ཀྱི་རྒྱུགས་སྤྲོད་ཐེངས་དང་པོ་ཐོན་པའི་ཕྱག་འཁྱེར་འབུལ་བའི་མཛད་སྒོ། ༢༠༡༩།༢།༡
དབུས་བོད་མིའི་སྒྲིག་འཛུགས།

བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་སྟོད་རྒྱུད་གྲྭ་ཚང་ནང་། དེ་རིང་ཕྱི་ཚེས་༡༥རེས་གཟའ་སྤེན་པའི་སྔ་དྲོ་དགེ་བཤེས་མ་སྐབས་གཉིས་པའི་སྔགས་ཕྱོགས་ཀྱི་སློབ་སྦྱོང་ལོ་གཅིག་རིང་ཚུལ་བཞིན་གནང་བའི་ཕྱག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོ་ཞིག་ཚོགས་གནང་བཞག

མཛད་སྒོའི་སྐུ་མགྲོན་དུ་སྟོད་རྒྱུད་གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་དང་། བླ་མ་དབུ་མཛད་རིན་པོ་ཆེ། སྟོད་རྒྱུད་གྲྭ་ཚང་གི་ཤེས་ཡོན་འགན་འཛིན་ བཙུན་མའི་ལས་འཆར་གི་འགན་འཛིན།  གདན་ས་ཁག་ནས་ཆོས་ཐོག་ཏུ་ཕེབས་པའི་དགེ་བཤེས་རྣམ་པ་ཚོ་དབུ་བཞུགས་ཐོག་མཛད་སྒོ་དེ་ཚོགས་ཡོད་པ་དང་། དགེ་བཤེས་མ་རྣམ་པ་ཚོ་རྒྱུད་སྟོད་གྲྭ་ཚང་གི་མཐུན་རྐྱེན་འོག་གདན་ས་ཁག་ནས་ཕེབས་པའི་དགེ་བཤེས་རྣམ་པ་དང་ལྷན་དུ་ལོ་གཅིག་གི་རིང་སྔགས་ཀྱི་སློབ་སྦྱོང་གནང་ནས་ཕྱག་འཁྱེར་རག་པ་ཞིག་ཡིན་ལུགས་སེ་ར་བྱེས་ཀྱི་དགེ་བཤེས་ལྷ་རམས་པ་བྱམས་པ་ཆོས་གྲུབ་ལགས་ཀྱིས་ཞལ་པར་ཐོག་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བྱུང་།

འདི་ལོ་སྔགས་ཕྱོགས་ཀྱི་ལོ་གཅིག་གི་སློབ་སྦྱོང་ཐོན་པའི་དགེ་བཤེས་མ་གྲངས་བཅུ་ཡོད་པ་དང་། མང་ཆེ་བ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་ནས་ཡིན་པ་དང་། ཁག་ཅིག་རྡ་རམ་ས་ལར་ཡོད་པའི་སྒྲོལ་མ་གླིང་བཙུན་དགོན་ནས་ཡིན་འདུག

མཛད་སྒོའི་སྐུ་མགྲོན་གཙོ་བོ་རྒྱུད་སྟོད་གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་གིས་བཀའ་སློབ་གནང་བའི་ནང་། མ་འོངས་པར་ཡང་དགེ་བཤེས་མ་ཐོན་མཁན་མུ་མཐུད་ནས་ཡོང་བའི་རེ་བ་དང་། ད་ལྟའི་དགེ་བཤེས་མ་རྣམ་པ་ཚོས་ཀྱང་བསྟན་པ་དང་འགྲོ་བའི་འཁུར་བཞེས་ནས་མ་འོངས་པར་འཛིན་སྐྱོང་སྤེལ་གསུམ་ཐད་གང་གནང་དགོས་ཀྱང་གང་ཐུབ་ཅི་ཐུབ་གནང་དགོས་པའི་བཀའ་སློབ་གནང་ཡོད་པ་རེད།།

མཆན། (0)
Share
དྲ་གནས་ཆ་ཚང༌།