བོད་ཤར་ཕྱོགས་མཚོ་སྔོན་དང་ཟི་ཁྲོན་ཁུལ་དུ་ཁ་བ་ཤུགས་ཆེ་བབས་པ།

2018-11-07
གློག་འཕྲིན།
མཆན།
Share
པར་བཀོད།
ཁ་བ་ཤུགས་ཆེ་བབས་པའི་རྐྱེན་གྱིས་ནོར་ལུག་མང་པོ་ཞིག་གངས་ཀྱི་ནང་ལྷུངས་པ།
ཁ་བ་ཤུགས་ཆེ་བབས་པའི་རྐྱེན་གྱིས་ནོར་ལུག་མང་པོ་ཞིག་གངས་ཀྱི་ནང་ལྷུངས་པ།
ངོ་དེབ།

བོད་ཤར་ཕྱོགས་མཚོ་སྔོན་དང་ཟི་ཁྲོན་ཁུལ་དུ་དེང་སྐབས་ཁ་བ་ཤུགས་ཆེ་བབས་པའི་རྐྱེན་གྱིས་འབྲོག་པའི་ས་ཁུལ་ཁག་ཏུ་དུད་འགྲོ་སེམས་ཅན་མང་པོ་ཞིག་ལ་རྩ་ཟན་སྤྲད་མ་ཐུབ་པ་དང་། ཁ་བ་ཤུགས་ཆེ་བབས་པའི་རྐྱེན་གྱིས་ནོར་ལུག་མང་པོ་ཞིག་གངས་ཀྱི་ནང་ལྷུངས་པ་སོགས་ཀྱི་དཀའ་ངལ་མང་དག་ཞིག་འཕྲད་བཞིན་ཡོད་འདུག་པར་མ་ཟད།  སྣུམ་འཁོར་འགྲོ་འོང་བྱེད་མ་ཐུབ་པ་དང་སྣུམ་འཁོར་གདོང་ཐུག་ཤོར་བའི་དོན་རྐྱེན་མང་པོ་བྱུང་བཞིན་འདུག་ ཕྱི་ཟླ་ ༡༡ ཚེས་ ༧ ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དུ་གནས་ཚུལ་མཁོ་སྤྲོད་བྱུང་བར་གཞིགས་ན། ཟི་ལིང་ནས་ཡར་ཡོང་སའི་སྟོང་འཁོར་སྡེ་པ་ཞེས་རྒྱ་རིགས་ཀྱི་གྲོང་མཚོ་ཞིག་ཡོད་པ་དེར་།  སྣུམ་ཁོར་གདོང་ཐུག་རྒྱབ་ནས་མི་ལ་རྨས་སྐྱོན་བྱུང་བ་ཚོ་ཐད་ཀར་སྨན་ཁང་དུ་འཁྲིད་ཡོད་ནའང་།  རྐྱེན་འདས་དང་རྨས་སྐྱོན་ཕོག་པའི་གྲངས་ཚད་ཁ་གསལ་ཤེས་ཀྱི་མེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད། ཡང་གནས་ཚུལ་མཁོ་སྤྲོད་པ་དེས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ལ་ཡོང་ས་ཝ་ཡུན་རྫོངས་ནས་ཡར་ཡོང་ན་ཕན་རིམ་ཞེས་པའི་བར་ཐག་ཉེ་པོར་ཡོད་པའི་རྩ་བ་ཞེས་པའི་རི་དེར་ཁོངས་རྒྱབ་ནས་མགྱོགས་ལམ་གསར་པ་ཞིག་བཟོས་ཡོད་ཀྱང་ཕྱི་ཟླ་ ༡༡ ཚེས་༦་ཉིན་དགུང་ཆུ་ཚོད་༡༡་བར་ཉིན་གྲངས་གཉིས་རིང་འགྲུལ་བཞུད་སྣུམ་འཁོར་ཆེ་ཆུང་ཚང་མ་བཀག་བྱས་ཏེ་འགྲོ་རུ་བཅུགས་མ་སོང་ཞེས་དང་དེའི་རྒྱུ་མཚན་ནི་མགྱོགས་ལམ་དེའི་ཐོག་ཁ་བ་མཐུག་པོ་བབས་ཡོད་པ་སོང་ཙང་་སྣུམ་འཁོར་ཁག་གདོང་ཐུགས་སོགས་གཏོར་སྐྱོན་མི་འགྲོ་བའི་སླད་དུ་ཡིན་པ་འགྲེལ་བརྗོད་བྱས་ཡོད་པ་རེད། གཞན་ཡང་ཉི་ཟླ་རི་བོ་དང་ཀ་ཧེ་ཐང།རིག་སྨོན་གྲོང་བརྡལ་བཅས་སུ་ཡང་ཁ་བ་ཐུག་པོ་བབས་པའི་རྐྱེན་གྱིས་འགྲུལ་ལམ་འགག་ཡོད་པའི་གནས་ཚུལ་འདུག དེ་བཞིན་སྤྱི་ཚོགས་དྲ་ལམ་ཁག་ཐོག་གོང་ཞུས་ས་ཁུལ་ཁག་གི་གཞུང་ལམ་ཐོག་སྣུམ་འཁོར་གདོང་ཐུག་བྱུང་ནས་གཏོར་སྐྱོན་ཐེབས་པའི་འདྲ་པར་ཡང་འགྲེམས་སྤེལ་བྱས་འདུ

མཆན། (0)
Share
དྲ་གནས་ཆ་ཚང༌།