ཧོང་ཀོང་ནང་ངོ་རྒོལ་བ་ཉི་ཤུ་ཡས་མས་ཤིག་འཇུ་བཟུང་བྱས་འདུག

ཧོང་ཀོང་ནང་ཨོ་ལིམ་ཕིག་དཔལ་འབར་བསྐོར་བསྐྱོད་བྱེད་སྐབས་ ངོ་རྒོལ་བ་ཉི་ཤུ་ཡས་མས་ཤིག་ཉེན་རྟོག་པས་འཇུ་བཟུང་བྱས་འདུག

༄༅༎གཟའ་པ་སངས་ཉིན་པེ་ཅིན་ཨོ་ལིམ་ཕིག་རྩེད་འགྲན་གྱི་དཔལ་འབར་དེ་བཞིན་ཧོང་ཀོང་ནང་བསྐོར་བསྐྱོད་བྱས་ཡོད་པ་དང༌། དུས་ཡུན་ཆུ་ཚོད་བརྒྱད་དཔལ་འབར་བསྐོར་བསྐྱོད་བྱེད་པའི་རིང་ངོ་རྒོལ་དང་རྒྱབ་སྐྱོར་བྱེད་མཁན་གཉིས་ཀ་བྱུང་ནས་ཕྱོགས་གཉིས་

དབར་ཕན་ཚུན་གདོང་ཐུག་གི་གནས་ཚུལ་ཕྲན་བུ་བྱུང་བའི་རྗེས་མི་གྲངས་ཉི་ཤུ་ཡས་མས་ཤིག་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་པ་རེད། ཧོང་ཀོང་ནང་ཡོད་པའི་དམངས་ཁྲོད་ཀྱི་ཚོགས་པ་ཁག་ཅིག་གིས་པེ་ཅིན་ཨོ་ལིམ་ཕིིག་རྩེད་འགྲན་གྱི་དཔལ་འབར་ཧོང་ཀོང་ནང་བསྐོར་བསྐྱོད་

བྱེད་པའི་སྐབས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང༌། དེཚོའི་ཁྲོད་༨༩པེ་ཅིན་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཀྲེ་ལན་ཧོད་ཅེས་པའི་

ཧོང་ཀོང་གི་དམངས་ཁྲོད་པ་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་གྱིག་གིས་བཟོས་པའི་འགྲོ་བ་མིའི་ཐོབ་ཐང་མཚོན་པའི་

དཔལ་འབར་འཁྱེར་ནས་བསྐོར་བསྐྱོད་བྱས་སྟེ་ རྒྱ་ནག་གཞུང་གིས་དེ་སྔོན་ཁས་ལེན་བྱས་པ་བཞིན་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་འབོད་སྐུལ་

ཡང་ཞུས་ཡོད་པ་རེད་། དེ་མིན་ཧོང་ཀོང་སློབ་གྲ་ཆེན་མོའི་སློབ་ཕྲུག་གྲན་ཆའོ་འོན་སོགས་མི་སྣ་ཁག་ཅིག་བོད་ཀྱི་རྒྱལ་དར་

འཁྱེར་ནས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཞི་བའི་ངོ་རྒོལ་བྱེད་མཁན་ཚོའི་ཐོག་དྲག་གནོན་བྱས་པར་ངོ་རྒོལ་དང་བོད་མི་ཚོར་

གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་བཏོན་པའི་སྐབས་རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་ཚོའི་དབར་ཕན་ཚུན་ཁ་ཚོད་ཤོར་ཡོད་པ་དང༌། གནས་ཚུལ་ཛ་དྲག་མི་ཡོང་རྒྱུའི་ཆེད་ཉེན་རྟོག་པས་བོད་དོན་རྒྱབ་སྐྱོར་བ་མི་གྲངས་བཅུ་འཇུ་བཟུང་བྱས་ནས་ཉེན་རྟོག་ལས་ཁང་དུ་

འཁྲིད་ཡོད་འདུག ཉེན་རྟོག་ལས་ཁང་དེའི་མགྲིན་ཚབ་མ་ཞིག་གིས་བརྗོད་པར། གོང་ཞུས་འཇུ་བཟུང་བྱས་པ་རྣམ་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་སྐྱོན་གཏོང་རྒྱུར་བཀག་འགོག་ཆེད་འཇུ་བཟུང་བྱས་པ་ཞིག་ཡིན་པ་དང་། འཇུ་བཟུང་དུས་ཡུན་རིང་པོ་མ་བྱས་པར་གློད་བཀྲོལ་བཏང་ཡོད་པ་འགྲེལ་བརྗོད་བྱས་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org