ཧོང་ཀོང་ནང་དམངས་གཙོའི་ལྟ་བ་འཛིན་མཁན་གྲོས་ཚོགས་འཐུས་མི་ཚོས་གྲོས་ཚོགས་ནས་དགོངས་ཞུ་བྱེད་རྒྱུ་བསྒྲགས་འདུག


2020.11.11
ཧོང་ཀོང་ནང་དམངས་གཙོའི་ལྟ་བ་འཛིན་མཁན་གྲོས་ཚོགས་འཐུས་མི་ཚོས་གྲོས་ཚོགས་ནས་དགོངས་ཞུ་བྱེད་རྒྱུ་བསྒྲགས་སྐབས། ༡༡།༡༡།༢༠ ཧོང་ཀོང་ནང་དམངས་གཙོའི་ལྟ་བ་འཛིན་མཁན་གྲོས་ཚོགས་འཐུས་མི་ཚོས་གྲོས་ཚོགས་ནས་དགོངས་ཞུ་བྱེད་རྒྱུ་བསྒྲགས་སྐབས། ༡༡།༡༡།༢༠
AFP

ཧོང་ཀོང་གྲོང་སྡེ་ལྷན་ཚོགས་ཀྱིས་ས་གནས་གྲོས་ཚོགས་ནང་གི་དམངས་གཙོའི་ཕྱོགས་ཐོག་གི་འཐུས་མི་བཞི་གྲོས་ཚོགས་ནས་ཕྱིར་ཕུད་བཏང་བར་བརྟེན། ཕྱོགས་འགལ་དམངས་གཙོའི་ལྟ་བ་འཛིན་པའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་གྲོས་ཚོགས་ཀྱི་འཐུས་མི་བཞི་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེས་མཚོན་ཆེད་གྲོས་ཚོགས་ནས་དགོངས་ཞུ་བྱ་རྒྱུ་ཡིན་པ་གསལ་བསྒྲགས་བྱས་འདུག
ཉེ་ཆར་ཧོང་ཀོང་ས་གནས་སྲིད་གཞུང་གིས་སྤྱི་བསྒྲགས་ཞིག་སྤེལ་ཡོད་པ་དེའི་ནང་། རྒྱ་ནག་གཞུང་དང་ས་གནས་སྲིད་གཞུང་ལ་སྡང་ཟུག་དང་བསུན་བཙེར་བཟོ་བཞིན་པའི་ཉེས་མིང་འོག ས་གནས་གྲོས་ཚོགས་ཀྱི་འཐུས་མི་(Kwok)དང་། (Alvin Yeung) (Dennis Kwok) དེ་བཞིན་(Kenneth Leung)བཅས་འཐུས་མི་བཞི་གྲོས་ཚོགས་ནས་ཕྱིར་འབུད་གཏོང་རྒྱུ་གསལ་བསྒྲགས་བྱས་ཞིང་། ཁོང་རྣམས་ཀྱིས་རྒྱལ་ཁབ་སྲུང་སྐྱོབ་ལ་ཉེན་ཁ་བཟོ་བཞིན་ཡོད་པའི་ཆ་ནས་གྲོས་ཚོགས་འཐུས་མིར་ངོས་ལེན་བྱེད་རྒྱུ་མིན་ཞེས་བཀོད་ཡོད་པ་རེད། དེ་དང་ཕྱོགས་མཚུངས་ཧོང་ཀོང་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་འབྲེལ་ཡོད་ནས་ཀྱང་གྲོས་ཚོགས་འཐུས་མིའི་ཁོངས་སུ། རྒྱལ་ཁབ་ལ་ཞེན་ཁོག་ཡོད་མཁན་ཤ་སྟག་དགོས་ཀྱི་ཡོད་ཚུལ་བརྗོད་དེ་ས་གནས་སྲིད་གཞུང་གི་ཐག་གཅོད་ལ་རྒྱབ་སྐྱོར་གྱི་རྣམ་པ་བསྟན་ཡོད་པ་རེད། ཡང་གོང་ཞུས་གནད་དོན་དེའི་ཐོག་དགོངས་ཞུ་གནང་མཁན་གྲས་སུ་ཡོད་པའི་གྲོས་ཚོགས་ཀྱི་འཐུས་སྐུ་ཞབས་(Kwok Ka-Ki)ཡིས་ ངོས་རང་གིས་གྲོས་ཚོགས་འཐུས་མིའི་ངོ་བོའི་ཐོག་ནས་ཧོང་ཀོང་གི་དམངས་གཙོ་དང་། རང་དབང་འཐབ་རྩོད་ཐོག་ཞབས་འདེགས་ཞུ་རྒྱུའི་འདུན་པ་དེ་མུ་མཐུད་ཐུབ་མ་སོང་། ཡིན་ནའང་ཧོང་ཀོང་མང་ཚོགས་ཀྱི་མངོན་འདོད་གྲུབ་ཐབས་ཀྱི་མདུན་པ་ཡོད་པ་ཡིན་ན། དེར་གཞིགས་པས་རང་ཉིད་ཀྱང་མཇུག་སྐྱོང་བྱེད་ཀྱི་ཡིན་ཞེས་གསུངས་སྟེ། ད་ལྟའི་གནས་སྟངས་འདིའི་འོག་ནས་མང་གཙོའི་ལས་དོན་སྤེལ་ཐུབ་རྒྱུ་ཡིན་པའི་བརྡ་ལན་སྤྲད་ཡོད་འདུག
གནད་དོན་འདིའི་ཐོག་ཧོང་ཀོང་ནང་ཡོད་པའི་རྒྱ་ནག་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་(Ma Ngok)ཡིས། ད་ཐེངས་ཀྱི་ཐག་གཅོད་དེས་དབང་འཛིན་ལས་ཁུངས་ཀྱིས་འབྱུང་འགྱུར་ཡང་ཁོང་ཚོར་དགའ་བོ་མི་བྱེད་པ་མཚོན་པ་དང་། མ་འོངས་གྲོས་ཚོགས་འཐུས་མིའི་ཁོངས་སུ་ལངས་རྒྱུའི་ཐོབ་ཐང་མེད་པ་བཟོ་རྒྱུའི་ཐད་རྣམ་འགྱུར་ཞིག་བསྟན་པ་རེད། དམངས་གཙོ་དོན་གཉེར་བའི་གྲོས་ཚོགས་འཐུས་མི་དགོངས་ཞུ་གནང་མཁན་དང་། ལས་གནས་སུ་རང་འཇགས་བཞུགས་མཁན་གཉིས་ཀའི་གནས་སྟངས་ལ་བསམ་ཤེས་ཐུབ་པ་ཞིག་རེད་ཅེས་དགོངས་ཚུལ་གསུངས་འདུག
ཧོང་ཀོང་ས་གནས་སྲིད་གཞུང་ནས་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཞེས་པའི་ཁྲིམས་གཞི་གསར་པ་དེའི་འོག་ནས། དམངས་གཙོའི་ལས་དོན་སྤེལ་མཁན་ཚོར་རྒྱལ་ཁབ་མགོ་རྟིང་སློག་རྒྱུ་དང་། རྒྱལ་ཁབ་ཀྱི་སྲུང་སྐྱོབ་ལ་གནོད་སྐྱོན་གཏོང་མཁན་ཡིན་པའི་ཉེས་མིང་བཙུགས་ནས་ད་བར་གྲོས་ཚོགས་འཐུས་མི་དང་། དམངས་གཙོ་དོན་གཉེར་བ་སོགས་མང་དག་ཞིག་འཛིན་བཟུང་དོ་དམ་བྱེད་བཞིན་པར་དབྱིན་ཡུལ་གྱི་གཙོས་ཕྱིའི་རྒྱལ་ཁབ་ཁག་ནས་སྐྱོན་བརྗོད་བྱེད་བཞིན་ཡོད་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎