རྒྱ་ནག་གཞུང་གིས་ཧོང་ཀོང་ནང་གི་བཅིངས་གྲོལ་དམག་སྡེ་ཁག་བརྗེ་སྤོར་རྒྱབ་འདུག


2019.08.29
ཧོང་ཀོང་གི་ཐག་ཉེ་ནས་རྒྱ་ནག་གིས་དམག་སྦྱོང་། ༢༠༡༩།༨།༡༥ ཧོང་ཀོང་གི་ཐག་ཉེ་ནས་རྒྱ་ནག་གིས་དམག་སྦྱོང་། ༢༠༡༩།༨།༡༥
AFP

རྒྱ་ནག་གཞུང་གིས་ཧོང་ཀོང་ནང་གི་བཅིངས་གྲོལ་དམག་སྡེ་ཁག་བརྗེ་སྤོར་རྒྱབ་ནས་ཧོང་ཀོང་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་བཤད་འདུག
འདི་ཚེས་༢༩་ཉིན། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་གི་བཅིངས་གྲོལ་དམག་སྡེ་ཁག་བརྗེ་སྤོར་རྒྱབ་པ་ཡིན་ཚུལ་བཤད་ནས་དམག་མི་མང་པོ་ཞིག་གཏོང་ཞོར་ཧོང་ཀོང་ནང་ཡོད་པའི་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་གི་གྲོང་ཁྱེར་སྲུང་སྐྱོབ་དམག་མིའི་སྡེ་ཁག་གིས་ཧོང་ཀོང་གི་ཡར་རྒྱས་ཕུན་སུམ་ཚོགས་པ་དེ་སྲུང་སྐྱོབ་བྱ་རྒྱུ་ཡིན་ལུགས་བཤད་འདུག་ལ། དེ་ནི་ཧོང་ཀོང་མི་དམངས་སྟོང་ཕྲག་མང་པོས་ཧོང་ཀོང་ལ་དམངས་གཙོ་ཚད་ལྡན་ཞིག་དགོས་པའི་དགོས་འདུན་བཏོན་ནས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་འཆར་ཡོད་པའི་ཉིན་གཅིག་གི་གོང་ཡིན་པ་རེད།
རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱ་ནག་གི་དམག་མི་བཏང་བ་དེ་འཆར་ཅན་ཞིག་ཡིན་ཚུལ་བཤད་བཞིན་ཡོད་ཀྱང་། ཕྱི་ལོ་༡༩༩༧་ལོར་དབྱིན་ཡུལ་གྱི་མངའ་ཁོངས་ནས་རྒྱ་ནག་ལ་ཚུར་རྩིས་སྤྲོད་བྱས་པའི་ཧོང་ཀོང་ས་གནས་ནང་ད་ལྟ་མི་དམངས་ཁྲི་ཚོ་མང་པོའི་ངོ་རྒོལགལས་འགུལ་སྤེལ་བཞིན་པའི་སྐབས་དམག་མི་བཏང་བ་དེ་ནི་འཇིགས་སྣང་སྐྱེས་གཞི་ཞིག་ཏུ་གྱུར་ཡོད་ལུགས་རོའུ་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
འོན་ཀྱང་རྒྱ་ནག་གཞུང་གིས། ཧོང་ཀོང་ནང་ཡོད་པའི་རྒྱ་ནག་གི་མི་དམངས་བཅིངས་གྲོལ་དམག་གིས་ཧོང་ཀོང་གི་ཡར་རྒྱས་དང་། བརྟན་ལྷིང་སྲུང་སྐྱོབ་ཀྱི་ཆེད་དུ་ཞབས་འདེགས་རླབས་ཆེན་ཞུ་རྒྱུ་ཡིན་པའི་སྐོར་འགྲེལ་བརྗོད་བྱས་འདུག
གནད་དོན་དབྱེ་ཞིབ་པ་ཚོས། ད་སྐབས་རྒྱ་ནག་ལྷོ་ཕྱོགས་ནས་ཧོང་ཀོང་ནང་ཡོད་པའི་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་མིའི་དམག་སྒར་བར་དམག་མི་བརྒྱད་སྟོང་ནས་གཅིག་ཁྲི་བར་ཆ་བགོས་བྱས་ནས་བཞག་ཡོད་པ་དང་། དེ་བཞིན་གྲོང་ཁྱེར་(Shenzhen)་ནང་ཡོད་པའི་ལུས་རྩལ་སྦྱོང་བརྡར་ཁང་ཆེན་པོ་ཞིག་ནང་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་མི་ཁྱོན་ཆེ་དམག་སྦྱོང་བྱེད་བཞིན་པ་ཨ་རིས་ཤེས་རྟོགས་བྱུང་བའི་རྗེས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་གི་ལས་འགུལ་དེར་ཐུགས་འཚབ་ཆེན་པོ་ཡོད་ལུགས་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་བདམས་ཐོན་སྲིད་འཛིན་མཆོག་གིས་གྲོས་ཚོགས་འཐུས་མི་ཟུར་པ་(David Perdue)་ལགས་རྒྱ་ནག་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོར་བསྐོ་བཞག་མིང་འདོན་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎