རྒྱ་གར་ནང་ཡོད་པའི་བོད་མི་ཕྱིར་བསྐྱོད་སྐབས་ཕྱིར་ཐོན་ཆོག་མཆན་ངེས་པར་ཞུ་དགོས་པ།


2019.07.30
རྒྱ་གར་ནང་གི་བོད་མི་བཙན་བྱོལ་བའི་ཕྱི་བསྐྱོད་ལམ་ཡིག(IC) རྒྱ་གར་ནང་གི་བོད་མི་བཙན་བྱོལ་བའི་ཕྱི་བསྐྱོད་ལམ་ཡིག(IC)
སྒྲིག་བཟོ། RFA

རྒྱ་གར་ནས་བོད་མི་ཚོ་ལག་འཁྱེར་(IC)་ཐོག་ཕྱིར་བསྐྱོད་སྐབས་ཕྱིར་ཐོན་ཆོག་མཆན་མ་ཞུས་ན་དཀའ་ངལ་འཕྲད་ཀྱི་ཡོད་འདུག
རྒྱ་གར་དུ་ཡོད་པའི་བོད་མི་སྐྱབས་བཅོལ་བ་ཚོ་རྒྱ་གར་གྱི་ཕྱི་བསྐྱོད་ལག་འཁྱེར་སེར་པོ་(IC)་ཐོག་ཕྱི་ལ་འགྲུལ་བཞུད་བྱེད་སྐབས། ངེས་བར་དུ་ཕྱིར་ཐོན་ཆོག་མཆན་(Exit permit)་ཞུ་དགོས་པ་གྲོང་ཁྱེར་སྦེང་ལོར་ནང་ཡོད་པའི་བོད་མིའི་ལྷོ་སྤྱི་ལས་ཁུངས་ཀྱིས་བརྡ་ཁྱབ་བཏང་གནང་འདུག
རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་བོད་པའི་གཞིས་ཆགས་ཁག་ལྔར་ཁྱབ་པའི་ལྷོ་སྤྱི་ལས་ཁུངས་ཀྱི་འགན་འཛིན་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསལ་བཤད་གནང་པར་གཞིགས་ན། ཉེ་ཆར་ཨ་རི་དང་། ཁེ་ཎ་ཊ་གཉིས་ནང་གཏན་སྡོད་ཀྱི་ལག་འཁྱེར་(Green Card)་ལྟབུ་ཡོད་པ་གང་ཞིག་ལ་སྐྱབས་བཅོལ་བོད་མི་ཚོ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འགྲིམ་འགྲུལ་ཆེད་གནང་པའི་ཡོངས་གྲགས་སུ་དེབ་སེར་པོ་ཞེས་པ་དེའི་ཐོག་བསྐྱོད་མཁན་བོད་མི་ཁག་གཅིག་རྒྱ་གར་ནང་ཡོང་ནས། ཕྱིར་ལོག་སྐབས་རྒྱ་གར་ས་གནས་ཕྱི་མི་དེབ་སྐྱེལ་ལས་ཁུངས་ནས་ཕྱིར་ཐོན་ཆོག་མཆན་མ་ཞུས་པའི་རྐྱེན་གྱིས་སྦེང་ལོར་གནམ་ཐང་ནས་ཕྱིར་ཐོན་མ་བཅུག་པའི་དཀའ་ངལ་འཕྲད་འདུག དེར་བརྟེན་རྒྱ་གར་གྱི་ཕྱི་བསྐྱོད་ལག་ཁྱེར་སེར་པོ་བེད་སྤྱོད་གཏོང་མཁན་ཡིན་ཚེ་རྒྱ་གར་ནས་ལུང་པ་གང་དུ་བསྐྱོད་པ་ཡིན་ཡང་། རྒྱ་གར་ས་གནས་ཕྱི་མི་དེབ་སྐྱེལ་ལས་ཁུངས་ནས་ཕྱིར་ཐོན་ཆོག་ཆེན་ངེས་པར་དུ་ཞུ་དགོས་པ་དང་། ཡང་བོད་མི་གང་ཞིག་ཕྱིའི་རྒྱལ་ཁབ་ཁག་ལ་གུང་སེང་དང་སློབ་སྦྱོང་སོགས་དོན་གནད་གང་གི་ཐོག་བསྐྱོད་ཀྱང་ཕྱིར་རྒྱ་གར་དུ་ཡོང་མཁན་རྣམས་ནས་ངེས་པར་དུ་རྒྱ་གར་དུ་འཛུལ་ཞུགས་ཆོག་པའི་མཐོང་མཆན་ཞུ་དགོས་པ་གསལ་བཤད་གནང་ཡོད་པ་རེད།
བཙན་བྱོལ་བོད་མིིའི་སྤྱི་ཚོགས་ཀྱི་ཁྲོད་བོད་མི་མང་ཤོས་གནས་ཡུལ་ནི་རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་ཀ་མངའ་སྡེ་འདིའི་ནང་ཡིན་ཅིང་། མངའ་སྡེ་འདིའི་ནང་གི་བོད་མིའི་གཞིས་ཆགས་མོན་གྷོ་ཌི་དང་། སྦེལ་ཀོབ། ཧོན་སུར་དང་ཀོ་ལི་གྷལ་བཅས་སུ་ཁྱོད་བསྡོམས་བོད་མི་སེར་སྐྱ་གསུམ་ཁྲི་ལྔ་སྟོང་ཙམ་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མི་རྣམས་ནས་གོ་སྐབས་ནམ་བྱུང་ལ་བོད་དོན་དྲིལ་བསྒྲགས་གནང་གལ་ཆེ་བ་ཡིན་ཞེས། སྲིད་སྐྱོང་མཆོག་གིས་མོན་གྷོ་འདོད་རྒུ་གླིང་གི་མི་མང་་ལ་གསུངས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎