བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་འབོད་སྐུལ་གནང་འདུག

2016-11-30
གློག་འཕྲིན།
མཆན།
Share
པར་བཀོད།
བོད་མི་མང་སྤྱི་འཐུས་ཁག་ཅིག་གིས་རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མིར་མཇལ་འཕྲད་སྐབས། ༢༠༡༦།༡༡།
བོད་མི་མང་སྤྱི་འཐུས་ཁག་ཅིག་གིས་རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མིར་མཇལ་འཕྲད་སྐབས། ༢༠༡༦།༡༡།
tibet.net

བོད་མི་མང་སྤྱི་འཐུས་ཁག་ཅིག་གིས་རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མིར་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་འབྲེལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་འདུག
དེ་ཡང་ཟླ་བ་འདིའི་ཚེས་ཉི་ཤུ་གཅིག་ནས་ཚེས་ཉི་ཤུ་བརྒྱད་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག རྒྱ་གར་གྱི་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་མཇལ་འཕྲད་གནང་འདུག
འདི་ཚེས་ཉེར་ལྔ་ནས་ཚེས་ཉེར་བརྒྱད་བར་ཁོང་རྣམས་ཀྱིས་དེ་སྔའི་Congress་གཞུང་འཛིན་པའི་སྐབས་བདེ་སྲུང་བློན་ཆེན་གནང་མྱོང་མཁན་སྐུ་ཞབས་A.K. Anthony་དང་། དེ་བཞིན་JDU  BJP་སོགས་ཆབ་སྲིད་ཚོགས་པ་ཆེ་ཁག་གི་གྲོས་ཚོགས་འཐུས་མི་ཁག་ཅིག་མཇལ་འཕྲད་ཞུས་ཏེ་བོད་ནང་ད་ལྟའི་ཛ་དྲག་གི་གནས་སྟངས་དང་། ལྷག་པར་དུ་བོད་ནང་གི་ཁོར་ཡུག་དང་ཆུ་བོའི་རྒྱུག་ཆུར་བཀག་འགོག་གི་ཆུ་རག་རྒྱག་བཞིན་པའི་གནད་དོན་སོགས་ཀྱི་སྐོར་འཁོད་པའི་ཞུ་སྙན་ཕུལ་ཏེ་བོད་ཀྱི་བདེན་དོན་སེལ་ཐབས་སུ་རྒྱ་གར་གྲོས་ཚོགས་ནས་མུ་མཐུད་ནས་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་གནང་འདུག
ད་རེས་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་རྣམ་པས་རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་འཐུས་མི་བཞི་བཅུ་ལྷག་ཙམ་དང་། ད་ལྟའི་གཞུང་འཛིན་དབུས་གཞུང་གི་བློན་ཆེན་གསུམ་ཙམ་མཇལ་འཕྲད་གནང་འདུག་ལ་ཁོང་རྣམ་པས་ཀྱང་སྙན་སེང་ཞུས་པ་རྣམས་ལ་གསན་བཞེས་དང་། ཞུ་ཡིག་རྣམས་ལ་གཟིགས་ཞིབ་གནང་བ། ལྷག་པར་དུ་ཁོང་རྣམས་ནས་གནད་དོན་དེ་དག་རྒྱ་གར་གྱི་སྲིད་འཛིན་དང་སྲིད་བློན་རྣམ་གཉིས་ལ་སྙན་སེང་ཞུ་རྒྱུའི་ཞལ་བཞེས་ཀྱང་གནང་ཡོད་འདུག
ད་རེས་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་རྣམས་ནས་རྒྱ་གར་གྲོས་ཚོགས་ཀྱི་དགུན་དུས་ཚོགས་ཐེངས་སྐབས་དང་བསྟུན་ནས་ལས་འགུལ་འདི་བཞིན་སྤེལ་གནང་ཡོད་པ་དང་། ཚོགས་ཆུང་གི་གཙོ་སྐྱོང་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་གནང་ཡོད་འདུག།  

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།