བོད་ནང་ཆབ་སྲིད་ཀྱི་ཟང་ཟིང་མི་ཡོང་བའི་ལས་དོན་སྤེལ་བཞིན་པ།

རྒྱ་ནག་ཕྱོགས་ནས་བོད་ནང་ཆབ་སྲིད་ཀྱི་ཟང་ཟིང་རིགས་མི་ཡོང་བའི་སྔོན་ཚུད་ཀྱི་ཐག་གཅོད་བྱ་རྒྱུའི་ལས་དོན་སྤེལ་བཞིན་ཡོད་པའི་གནས་ཚུལ།
2008-07-13
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎བོད་ནང་གི་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ནང་ཁུལ་དུ་འགྲེམས་སྤེལ་བྱེད་པའི་གསར་ཤོག་ ཤི་ཙང་ཐོང་ཤུན་ ཞེས་པའི་ཐོག་ཁ་སྔོན་ཕྱི་ཟླ་བཞི་པ་དང་ལྔ་པའི་ནང་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་བྱས་པའི་དོན་རྐྱེན་སྐོར་བཀོད་དེ་ རྒྱ་ནག་ཕྱོགས་ནས་ཆབ་སྲིད་ཀྱི་ཟང་ཟིང་རིགས་མི་ཡོང་བའི་སྔོན་ཚུད་ཀྱི་ཐག་གཅོད་བྱ་རྒྱུའི་ལས་དོན་སྤེལ་བཞིན་ཡོད་པའི་སྐོར་བཤད་ཡོད་པ་དང་གནས་ཚུལ་དེའི་སྐོར་གྱི་ཡིག་ཆ་ཞིག་ཧོང་ཀོང་གི་གཟའ་ཉི་མའི་དུས་དེབ་ལ་ཐོབ་སོན་བྱུང་ཡོད་པ་རེད།

དེ་ཡང་ཕྱི་ལོ་༢༠༠༦ ལོར་བོད་ནང་གི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་པའི་ཀྲང་ཆིང་ལི་ཡིས་དམར་ཤོག་ཚོགས་པའི་ཚོགས་མི་ཁྲོད་ལའང་སློབ་གསོའི་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་པའི་སྐོར་དང་དེ་བཞིན་ཁ་སྔོན་བོད་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྔམ་སྟོན་ལས་འགུལ་སྤེལ་བ་དེ་ཡང་བོད་མིའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཁོང་གི་རྗེས་འབྲང་པ་ཚོའི་ངན་ཇུས་ཡིན་པའི་སྐྱོན་བརྗོད་བྱས་ཏེ་ང་ཚོས་ངེས་པར་དུ་དོན་རྐྱེན་དེའི་ཐོག་ནས་བླངས་ཆ་ལེན་ཏེ་ང་ཚོའི་དགྲ་བོར་ཁ་གཏད་གདོང་ལེན་བྱེད་པའི་ལས་དོན་གྱི་ནུས་པ་ཤུགས་ཆེ་རུ་གཏང་དགོས་པའི་སྐོར་དང༌། ཡིན་ནའང་ང་ཚོར་མཐའ་མའི་རྒྱལ་ཁ་དེ་དུས་ཚོད་ཐུང་ཐུང་ཞིག་ནང་ཐོབ་རྒྱུ་མིན་ཞིང༌། དེ་ནི་ཏཱ་ལའི་བླ་མ་ཤོག་ཁག་ཚོས་ནུབ་ཕྱོགས་པར་ཚོར་རྒྱུད་སྐུལ་བྱས་ཏེ་ཁ་བྲལ་གྱི་བྱ་སྤྱོད་སྤེལ་རྒྱུའི་འཆར་གཞི་གསར་པ་གོ་སྒྲིག་བྱེད་བཞིན་ཡོད་པར་བརྟེན་མཉམ་གནས་ཀྱི་ལས་དོན་སྤེལ་མཁན་གྱི་རྒྱ་མིའི་འགོ་ཁྲིད་ཚོས་ང་ཚོའི་སྒོ་སྲུང་དམ་པོ་སྲུང་སྐྱོབ་བྱས་ཏེ་ ང་ཚོའི་མི་དམངས་ཀྱི་བདེ་དོན་སྲུང་སྐྱོབ་བྱ་དགོས་པ་མ་ཟད། ཕྱི་ཕྱོགས་ནས་ཡོང་བའི་མིའི་ཐག་ལ་བལྟ་སྲུང་ནན་པོ་བྱ་དགོས་ཅེས་དང༌། དྲིལ་བསྒྲགས་དང་སློབ་གསོའི་ལས་དོན་དེ་གཉིས་ནི་ང་ཚོ་དམར་ཤོག་ཚོགས་པའི་རླབས་ཆེན་གྱི་ཁེ་ཕན་ཞིག་དང་ལྷག་པར་དུ་ཏཱ་ལའི་བླ་མའི་ཤོག་ཁག་གི་ཁ་བྲལ་གྱི་བྱ་སྤྱོད་ལ་གདོང་ལེན་བྱ་རྒྱུ་ཧ་ཅང་གི་བེད་སྤྱོད་ལྡན་པའི་གོ་མཚོན་ཞིག་ཀྱང་རེད་ཅེས་བཤད་ཡོད་པ་རེད། ད་དུང་བོད་ཀྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་ལེགས་མཆོག་ལགས་ཀྱིས་ཕྱི་ཟླ་དྲུག་པའི་ཚེས་ ༢ ཉིན་གྱི་བོད་ལྗོངས་ཉིན་རེའི་གསར་པར་ཞེས་པའི་ཐོག་ལ་། ང་ཚོས་ངེས་པར་དུ་བོད་ཀྱི་དགོན་སྡེ་ཁག་ནང་གཙང་སེལ་བཟོ་དགོས་པ་དང་དེའི་འཛིན་སྐྱོང་ལས་དོན་ནུས་པ་ཤུགས་ཆེ་རུ་གཏོང་དགོས་པ། དེ་ལྟར་ལག་བསྟར་བྱས་པའི་རྗེས་ལ་ང་ཚོས་དགེ་འདུན་པའི་ཐོག་མཐའ་གཅིག་ཏུ་བཏང་འཛིན་བྱ་ཐུབ་རྒྱུ་ཡིན་པ་བཤད་ཡོད་པ་རེད། དེ་ནི་ཁ་སྔོན་ཕྱི་ཟླ་གསུམ་པའི་ནང་བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དེ་ནི་འདས་པའི་མི་ལོ་བཅུ་ཕྲག་འགའ་ཤས་དེའི་ནང་ལ་བོད་ཀྱི་ས་ཁུལ་ནང་འགྲོ་བ་མིའི་ཐོབ་ཐང་མེད་པའི་གནས་སྟངས་ཀྱི་ཐོག་བྱུང་བ་ཡིན་པ་དང་རྒྱ་ནག་རྒྱལ་ནང་གི་གསར་ཤོག་ཁག་ཐོག་ལ་དོན་རྐྱེན་དེའི་ཐོག་ནས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་མིའི་དམག་མི་དང་ཉེན་རྟོག་པ་༢༤༢ ཤི་རྨས་བྱུང་བ་དང་ སྡོད་ཁྱིམ་དང་ཚོང་ལས་ཀྱི་གཞི་ཡུལ་༡༢༠ རྩ་གཏོར་བཏང་ཡོད་པའི་བསྡོམ་རྩིས་རྒྱབ་ཡོད་པ་རེད། ཡིན་ནའང་བཙན་བྱོལ་བོད་གཞུང་ཕྱོགས་ནས་གསུངས་ན། རྒྱ་ནག་གཞུང་གི་དྲག་གནོན་དེའི་འོག་བོད་མི་༢༠༩ རྐྱེན་ལམ་དུ་ཕྱིན་པ་དང་བོད་མི་ཆིག་སྟོང་ལྷག་ལ་རྨས་སྐྱོན་ཕོག་པ། དྲུག་སྟོང་ཙམ་ཞིག་བཙོན་འཇུག་བྱས་པའི་བསྡོམ་རྩིས་བཏོན་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།