རུ་སོག་སྐུ་ཚབ་དོན་གཅོད་ཀྱིས་ཁཱལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤེས་རིག་བློན་ཆེན་མཆོག་དང་མཇལ་མོལ།

2021-07-21
Share
རུ་སོག་སྐུ་ཚབ་དོན་གཅོད་ཀྱིས་ཁཱལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤེས་རིག་བློན་ཆེན་མཆོག་དང་མཇལ་མོལ། རུ་སོག་སྐུ་ཚབ་དོན་གཅོད་ཀྱིས་ཁཱལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤེས་རིག་བློན་ཆེན་མཆོག་དང་མཇལ་མོལ།
tibet.net

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་ཡིས་ཁཱལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤེས་རིག་བློན་ཆེན་མཆོག་དང་མཇལ་འཕྲད་དང་སྤྱི་ཚོགས་དང་སེམས་མྱོང་བཟང་སྤྱོད་ཀྱི་སློབ་གསོའི་སྐོར་ངོ་སྤྲོད་གནང་ཡོད་འདུག
རུ་སོག་བོད་ཀྱི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་ཡིས་ཁཱལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤེས་རིག་བློན་ཆེན་མཆོག་དང་མཇལ་འཕྲད་གནང་ནས། སྤྱི་ཚོགས་དང་སེམས་མྱོང་བཟང་སྤྱོད་(SEELearning)་ཀྱི་སློབ་གསོའི་སྐོར་ངོ་སྤྲོད་གནང་ཡོད་འདུག་ལ། སློབ་གསོ་བསླབ་གཞི་དེ་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གིས་ཆེད་བསྒྲིགས་གནང་བ་ཞིག་ཡིན་པ་རེད།
ཁཱལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤེས་རིག་བློན་ཆེན་སྐུ་ཞབས་(Erdne Barinov)་ལགས་ཀྱིས་སྐབས་དེར། སྤྱི་ཚོགས་དང་སེམས་མྱོང་བཟང་སྤྱོད་(SEELearning)་ཀྱི་སློབ་གསོའི་བསླབ་གཞི་དེ་རིམ་པས་ལག་བསྟར་ཞུ་རྒྱུའི་ཞལ་བཞེས་གནང་ཡོད་པ་མ་ཟད། ཁོང་གིས་ཁཱལ་མུག་ཁུལ་གྱི་སློབ་གྲྭ་ཁག་གི་ནང་བསླབ་གཞི་དེ་ཇི་ལྟར་ལག་བསྟར་གནང་དགོས་མིན་ཐད་ཆེད་ལས་མཁས་པ་དང་། དགེ་རྒན་ཚོ་དང་ལྷན་དུ་གོ་བསྡུར་གནང་རྒྱུ་ཡིན་པ་གསུང་འདུག
སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཡིས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དེའི་ཐད་ག་དུས་ཡིན་ཡང་རྒྱབ་སྐྱོར་ཞུ་རྒྱུ་དང་། དེ་བཞིན་སྦྱོང་བརྡར་དང་། བགྲོ་གླེང་། ཟབ་སྦྱོང་སོགས་ཀྱི་གོ་སྒྲིག་ཞུ་རྒྱུའི་གྲ་སྒྲིག་ཡོད་པ་མ་ཟད། དགོས་གལ་ནམ་བྱུང་ལ་ལམ་སྟོན་ཞུ་རྒྱུ་ཡིན་ཞེས་ཞུས་ཡོད་འདུག
ཤེས་ཡོན་སློབ་གསོའི་བསླབ་གཞི་དེ་ནི། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ ནང་སེམས་ཀྱི་སློབ་གསོའི་དགོངས་གཞིའི་ཆ་ཤས་ཤིག་ཡིན་པ་མ་ཟད། བྱམས་སྙིང་རྗེ་གཞི་ལ་བཞག་ནས་ང་ཚོའི་འཇིག་རྟེན་ཡུན་གནས་ཡོང་ཐབས་ཤིག་ཀྱང་ཡིན་ཞེས་དང་། བསླབ་གཞི་དེ་མཐའ་མའི་ཕྱོགས་སྒྲིག་གི་རིམ་པར་སླེབས་ཡོད་པ་དང་། མགྱོགས་མྱུར་པར་འགྲེམས་བྱས་ཏེ་ར་ཤེ་ཡ་ཡོངས་ལ་ངོ་སྤྲོད་གནང་རྒྱུ་ཡིན་ཞེས་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་གསུངས་འདུག
སྤྱི་ཚོགས་དང་སེམས་མྱོང་། བཟང་སྤྱོད་བཅས་ཀྱི་ཤེས་ཡོན་སློབ་གསོ་ཞེས་བ་ནི། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་ཞིག་ཡིན་པ་དང་། དེའི་རྒྱབ་ལྗོངས་དང་། འཛམ་གླིང་ཐོག་སློབ་གྲྭ་མང་དག་ཅིག་གི་ནང་ཤེས་ཡོན་གྱི་བསླབ་གཞི་དེ་ལག་བསྟར་བྱེད་བཞིན་ཡོད་སྐོར་སོགས། མོ་སི་ཁོ་ནང་རྟེན་གཞི་བྱས་པའི་བོད་སྐྱོབ་དགེ་རྩ་ཚོགས་པས་(Save Tibet Foundation)་ཨུ་རུ་སུའི་སྐད་ཡིག་ནང་ཕབ་བསྒྱུར་ཞུ་བཞིན་ཡོད་པ་རེད། རུ་སོག་སྐུ་ཚབ་དོན་གཅོད་ཁང་ནས་གཟིགས་ཞིབ་གནང་བཞིན་ཡོད་པ་རེད།

གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།