དབུ་མའི་ལམ་གྱི་སྲིད་བྱུས་གོ་རྟོགས་སྤེལ་སླད་ཕྱོགས་ཕེབས།

2014-07-18
གློག་འཕྲིན།
མཆན།
Share
པར་བཀོད།
བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་ས་གནས་སུ་འཚམས་གཟིགས་སྐབས། ༢༠༡༤།༧།༡༨
བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་ས་གནས་སུ་འཚམས་གཟིགས་སྐབས། ༢༠༡༤།༧།༡༨
ཨེ་ཤེ་ཡ་རང་དབང་རླུང་འཕྲིན། བཟོད་པ་རྒྱ་མཚོ།

ཕྱི་དྲིལ་བཀའ་བློན་མཆོག་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་ཁུལ་དུ་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་འདུག
དེ་ཡང་གནས་ཚུལ་ལྟར་ན། དཔལ་ལྡན་བཀའ་ཤག་གི་བཀའ་འབྲེལ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁྱབ་ཁོངས་ས་ཁུལ་ཁག་ནང་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གོ་རྟོགས་སྤེལ་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་དང་། ཕྱི་དྲིལ་བཀའ་བློན་མཆོག་ནས་ཕྱི་ཚེས་༡༨ཉིན་གྱི་སྔ་དྲོ་སྡེ་རུ་ལྡུན་ཉེ་འཁྲིས་རཇ་པུར་ས་གནས་སུ་ཆགས་པའི་དཔལ་ས་སྐྱ་ཆོས་སྒར་དང་། དེ་ནས་བདེ་སྐྱིད་གླིང་ཉེ་འཁྲིས་སུ་ཆགས་པའི་དཔལ་འབྲི་གུང་མ་དགོན་དང་། སྲོང་བཙན་དཔེ་མཛོད་བཅས་སུ་གནས་གཟིགས་གནང་བ་དང་། དེའི་རྗེས་མ་སུ་རིར་ཕེབས་ཏེ་ཁུལ་དེའི་བོད་པའི་སློབ་གྲྭ་ཁག་དང་། ཁ་ཐོར་མི་མང་བཅས་ལ་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གསུང་བཤད་གནང་ཡོད་པ་རེད།
ཕྱི་ཚེས་༡༩ཉིན་ རཇ་སྤུར་བོད་ཁྱིམ་སློབ་གྲྭའི་དགེ་ལས་སློབ་ཕྲུག་དང་། རཇ་སྤུར་མཉམ་ལས་བཟོ་གྲྭ། ཁ་ཐོར་མི་མང་བཅས་ལ་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་རྒྱུ་དང་། ཕྱེད་ཡོལ་དུ་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་སུ་ཡོད་པའི་དགོན་སྡེ་ཁག་ཏུ་གནས་གཟིགས་དང་། དེ་ཁུལ་སེར་སྐྱ་མང་ཚོགས་བཅས་ལ་དབུ་མའི་ལམ་གྱི་སྐོར་གསུང་བཤད་གནང་རྒྱུ་དང་། ཡང་ཕྱི་ཚེས་ ༢༠ཉིན་བདེ་སྐྱིད་གླིང་དང་། ཚེ་རིང་དོན་ལྡན་བོད་མིའི་གཞིས་ཆགས། ཉེ་འཁོར་དགོན་སྡེ་ཁག དེ་བཞིན་སློབ་གྲྭ་བཅས་སུ་དབུ་མའི་ལམ་གྱི་སྐོར་གསུང་བཤད་གནང་རྒྱུ་ཡིན་པ་རེད།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

གནས་ཚུལ་ཞིབ་ཕྲ་འདི་གའི་གསར་འགོད་པ་བཟོད་པ་རྒྱ་མཚོས་བཏང་བའི་གནས་ཚུལ་ལ་གསན་རོགས

མཆན། (0)
Share
དྲ་གནས་ཆ་ཚང༌།