ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་གི་འཁྲུངས་སྐར་ས་གནས་ཁག་མང་པོར་སྲུང་བརྩི་གནང་འདུག

2023.06.19
ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་གི་འཁྲུངས་སྐར་ས་གནས་ཁག་མང་པོར་སྲུང་བརྩི་གནང་འདུག ནིའུ་ཡོག་ནང་ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་གི་འཁྲུངས་སྐར་སྲུང་བརྩི་གནང་སྐབས། ༠༦།༡༨།༢༠༢༣
Karmapa Service Society

དེ་ཡང་འདི་ཚེས་༡༨ཉིན་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་དགུང་གྲངས་སོ་དགུ་ལ་ཕེབས་པའི་སྐུའི་འཁྲུངས་སྐར་བོད་ཕྱི་ནང་གཉིས་ཀྱི་ས་གནས་མང་པོར་རྣམ་པ་འདྲ་མིན་ཐོག་སྲུང་བརྩི་གནང་ཡོད་པ་དང་། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་བྱང་ཨ་རིའི་ཀརྨ་པ་སྲི་ཞུ་ཚོགས་པས་གོ་སྒྲིག་བྱས་ཏེ་༡༨ཉིན་བོད་རིགས་སྤྱི་མཐུན་ཚོགས་པའི་ཕུན་ཚོགས་སྡེ་བཞིའི་ཚོགས་ཁང་དུ། མཛད་སྒོའི་ཐོག་གཞས་སྣ་འཁྲབ་སྟོན་སོགས་གྲ་རྒྱས་པོ་མེད་པར་ཆོས་ཕྱོགས་ཀྱི་སྒོ་ནས་སྲུང་བརྩི་ཞུས་གནང་ཡོད་པ་དང་། བྱང་ཨ་རིའི་ཀརྨ་པ་སྲི་ཞུ་ཚོགས་པའི་འཕྲིན་ལས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་ཐེངས་ཀརྨ་པའི་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་དགོངས་པ་གཤེགས་དུས་ཡུན་རིང་བོ་འགོར་མེད་པར་བརྟེན་གཙོ་བོ་ཆོས་ཕྱོགས་ཀྱི་ལམ་ནས་སྲུང་བརྩི་ཞུས་བ་འགྲེལ་བརྗོད་གནང་བྱུང་།

347240911_6479462862113060_6850373569370933121_n (1).jpg
དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། བལ་ཡུལ་སོགས་སུ་དགོན་སྡེ་དང་ཚོགས་སྡེ་ཁག་འདྲ་མིན་བྱས་ནས་ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་གི་འཁྲུངས་སྐར་གཙོ་བོ་ཆོས་ཕྱོགས་ནས་ནས་རྣམ་པ་འདྲ་མིན་ཐོག་སྲུང་བརྩི་གནང་འདུག

Karmapa jamgon kongtrul.jpg
གཞན་ཡང་གནས་ཚུལ་ཤེས་རྟོགས་བྱུང་ལྟར་ན། བོད་ནང་གི་ཚ་བ་སྒང་བང་ཆེན་དང་། ཚ་བ་སྒང་སྣམ་གྲོང་གི་གྲོང་མི་ཁག ཡུལ་ཤུལ་ཨ་ཁྲོ་ཞང་སྒ་གཞུང་དགོན་པ། ཁམས་ཀྱི་མདོ་གཞུང་གནས་མདོ་དགོན་པ། འཇོ་མདའ་རྫོང་གཏེར་སྟོན་ཤང་གི་གཏེར་སྒར་དགོན་པ། འདན་དྲང་ཐང་དགོན་པ། ཤར་མི་ཉག་འབོ་གངས་དཀར་དགོན་པ་སོགས་ཀྱིས་ཤིང་ནགས་འདེབས་འཛུགས་དང་། གད་སྙིགས་གཙང་སེལ། དགེ་སྒྲུབ་སྡིག་སྤོང་སོགས་རྣམ་པ་འདྲ་མིན་གྱི་སྒོ་ནས་ཀརྨ་པ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་འདུག


གསར་འགོད་པ། བློ་བཟང་ཆོས་འཕེལ། གུ་རུ་ཆོས་སྐྱིད།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་བཅར་བ་༢༠༠་ཙམ་ལ་མཇལ་ཁ་སྩལ་གནང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎