༧གོང་ས་མཆོག་ལ་རྒྱ་གར་གྱི་ཆེ་མཐོའི་གཟེངས་རྟགས་འབུལ་དགོས།

2016-12-23
གློག་འཕྲིན།
མཆན།
Share
པར་བཀོད།

༧གོང་ས་མཆོག་ལ་རྒྱ་གར་གྱི་ནོར་བུ་ཞེས་བའི་ཆེ་མཐོའི་གཟེངས་རྟགས་འབུལ་དགོས་བ་ལ་དྭགས་ནང་སྤྱི་མོས་གྲོས་ཆོད་བཞག་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་རྒྱ་གར་གྱི་ནོར་བུའམ་Bharat Ratna་ཞེས་པ་དེ་གང་མགྱོགས་འབུལ་དགོས་སྐོར་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱིས་གྲོས་ཆོད་སྤྱི་མོས་ཐོག་ནས་གཏན་འབེབས་གནང་འདུག
ལ་དྭགས་ཀྱི་རྒྱལ་ས་སླེ་ནང་རྟེན་གཞི་བྱེད་པའི་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱིས། འདི་ཟླའི་ཚེས་༢༡་ཉིན་སྤྱི་མོས་ཐོག་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་དབུས་གཞུང་གི་རྒྱ་གར་གྱི་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་རྒྱ་གར་གྱི་ནོར་བུའམ་Bharat Ratnaཞུ་བ་དེ་མགྱོགས་ནས་མྱུར་དུ་འབུལ་ལམ་ཞུ་དགོས་པའི་གྲོས་ཆོད་གཏན་འབེབས་གནང་བ་དང་སྦྲགས་གྲོས་ཆོད་ནང་རྒྱ་གར་གཞུང་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཚེ་ཧྲིལ་པོའི་རིང་འཛམ་གླིང་ཁྱོན་ཡོངས་ནང་འཚེ་མེད་ཞི་བ་གོང་སྤེལ་གཏོང་གནང་མཛད་པའི་རླབས་ཆེན་གྱི་མཛད་རྗེས་ཁག་ལ་ངོས་འཛིན་ཞུས་པའི་ཐོག་ནས། ༧མགོན་པོ་གང་ཉིད་མཆོག་ལ་རྒྱ་གར་གྱི་རིན་ཆེན་ནོར་བུའམ་Bharat Ratna་ཞེས་པའི་གཟེངས་རྟགས་དེ་མགྱོགས་མྱུར་འབུལ་ལམ་ཞུས་དགོས་སྐོར་འཁོད་འདུག
གོང་ཞུས་གྲོས་ཆོད་དེ་ནི་ཉིན་གཉིས་རིང་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་འཚོགས་སྐབས་ཐག་གཅོད་གཏན་འབེབས་གནང་བ་ཞིག་ཡིན་པ་དང་། གྲོས་གཞི་འདོན་གནང་མཁན་ནི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་དང་དེར་རྒྱབ་སྐྱོར་ཞུ་མཁན་ནི་ཚེ་རིང་དབང་ཕྱུགས་མཆོག་ཡིན་པ་རེད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

མཆན། (0)
Share
དྲ་གནས་ཆ་ཚང༌།