ལྷ་མོ་བཀྲ་ཤིས་ཀྱིས་རང་ལུས་མེར་སྲེག་བཏང་འདུག

2014-09-21
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་མདོ་ཀན་ལྷོ་གཙོད་ཉེན་རྟོག་ཁང་གི་སྒོ་ཁར་རང་ལུས་མེར་སྲེག་གཏོང་མཁན་ལྷ་མོ་བཀྲ་ཤིས་ལགས།
ཨ་མདོ་ཀན་ལྷོ་གཙོད་ཉེན་རྟོག་ཁང་གི་སྒོ་ཁར་རང་ལུས་མེར་སྲེག་གཏོང་མཁན་ལྷ་མོ་བཀྲ་ཤིས་ལགས།
བོད་ནས་བཏང་འབྱོར།
༄༅༎ཕྱི་ཟླ་༩ཚེས་༡༧རེས་གཟའ་ལྷག་པའི་ཉིན་ཀན་ལྷོ་གཙོད་ཉེན་རྟོག་ཁང་གི་སྒོ་ཁར་བོད་རིགས་སློབ་ཕྲུག་ལྷ་མོ་བཀྲ་ཤིས་ལགས་ནས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་སྟེ་སྐུ་གྲོངས་འདུག ཨ་མདོ་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་ཉེན་རྟོག་ཁང་གི་སྒོ་ཁ་རུ། གཙོད་གྲོང་ཁྱེར་དུ་སློབ་གྲྭར་འགྲོ་བཞིན་པའི་རང་ལོ་ ༢༢ ཡིན་པའི་སློབ་བུ་ལྷ་མོ་བཀྲ་ཤིས་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་སྟེ་སྐུ་གྲོངས་འདུག དེ་རིང་ཞོགས་པར་བོད་ཕྱི་ལོགས་སུ་ཡོད་པའི་ཁོང་གི་གཉེན་ཉེ་ཞིག་གིས་འདི་གར་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། སྐབས་དེའི་ཁོང་གི་འབོད་ཚིག་དང་། ཤུལ་དུ་ཞལ་ཆེམས་སོགས་བཞག་ཡོད་མེད་ད་ལྟ་གསལ་ཁ་བྱུང་མེད་ཀྱང་། ས་གནས་མི་མང་ཚོས་དོན་རྐྱེན་དེ་ནི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་སྐོར་སྐྱོད་བྱེད་ཀྱི་ཡོད་པ་དང་བསྟུན་ཏེ། ལྷ་མོ་བཀྲ་ཤིས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བ་ཞིག་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག གནས་ཚུལ་དེ་བྱུང་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པས་ཁོང་གི་ཕུང་བོ་འཁྱེར་ཡོད་པ་དང་། ནང་མི་ཚོ་ཉེན་རྟོག་ཁང་དུ་བསྐྱོད་དེ་ཕུང་བོ་ཕྱིར་ནང་མིར་སྤྲོད་དགོས་པའི་རེ་སྐུལ་ཇི་ལྟར་ཞུས་ཀྱང་ཉན་འཇོག་བྱས་མེད་པར། ཁ་སང་ཚེས་༡༩ ཉིན་ནང་མིར་ཕུང་བོ་མེར་སྲེག་བཏང་ཟིན་པའི་ཐལ་བ་ཞིག་སྤྲད་འདུག།

གསར་འགོད་པ་ཚེ་དབང་དངོས་གྲུབ།

འབྲེལ་ཡོད་གནས་ཚུལ་གཤམ་ལ་འདི་གའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བཏང་བར་གསན་རོགས་ཞུ༎

གསར་འགོད་པ་བསྟན་འཛིན་དབང་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།